[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝུའུ་དབྱིང་ཅེས་ཉིང་ཁྲིར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-16

    642139_yis_1563167032712.jpg

    ཟླ་7ཚེས་14ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བཅའ་གནས་གྲོང་ཚོ་དང་སྦི་པ་གྲོང་རྡལ་དགའ་སྐྱིད་གྲོང་ཚོར་ཕེབས་ཏེ་གནས་སྤོས་མང་ཚོགས་ལ་གཟིགས་པ་དང་ཚང་མའི་བསམ་འཆར་དང་གྲོས་འགོ་གསན་ཞིང་། འདི་ནི་ཝུའུ་དབྱིང་ཅེས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ས་ཚིགས་སུ་གཞུང་ལས་བསྒྲུབས་ནས་མང་ཚོགས་ཀྱི་དཀའ་ངལ་རེ་རེ་བཞིན་སེལ་གནང་བ།

    ཚེས་14ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཉིང་ཁྲི་གྲོང་ཁྱེར་དུ་ཕེབས་ཏེ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་དང་ཟུང་འབྲེལ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་དང་། མཐོ་རིམ་གྱི་སློབ་གསོ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས། ཞིང་འབྲོག་ཚན་རྩལ་ཞིབ་འཇུག་གི་གྲུབ་འབྲས་གཞན་སྒྱུར་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད། 

    བོད་ལྗོངས་ཞིང་འབྲོག་སློབ་གླིང་སློབ་ཆེན་སློབ་མའི་ལས་གཏོད་གསོ་སྐྱོང་རྟེན་གཞིར། ཝུའུ་དབྱིང་ཅེ་དགེ་སློབ་ཀྱི་ཁྲོད་དུ་ཕེབས་ནས་ཚང་མ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་དང་ཆབས་ཅིག ལས་གཏོད་གནས་ཚུལ་མཁྱེན་རྟོགས་དང་མ་འོངས་ཀྱི་འབྱུང་འགྱུར་སྐོར་གླེང་གནང་བ་རེད། ཀྲའོ་ཨའེ་མིང་དང་། གྲགས་པ་རྒྱལ་མཚན། ལེའོ་ཀོང་ཁྲེན་སོགས་སློབ་གྲྭར་སྐྱོད་མུས་ཀྱི་སློབ་ཆེན་སློབ་མས་ལང་ཚོའི་གྲུབ་འབྲས་སྐོར་ཚང་མ་དང་མཉམ་དུ་ལོངས་སྤྱོད་བྱས་པ་རེད།

    ཝུའུ་དབྱིང་ཅེས་ཚང་མར་ཡིད་ཆེས་ཀྱིས་ཁེངས་དགོས་པ་དང་། དཀའ་སྡུག་མྱོང་བའི་གྲ་སྒྲིག་བྱས་ཏེ་བསམ་ཕོད་པ་དང་། གཏུག་ཕོད་པ། བྱེད་ཕོད་པ་བཅས་བྱེད་པ་དང་། ལས་གཏོད་དེ་རང་ཉིད་ཀྱི་མི་ཚེའི་བརྒྱུད་རིམ་གལ་ཆེན་ཞིག་ལ་བརྩིས་ནས་ཏན་ཏན་ཏིག་ཏིག་དང་དཀའ་སྒྲུབ་དངོས་སྒྲུབ་བྱེད་པ། དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་ཕུགས་བསམ་དོན་གཉེར་བྱེད་པ། སྦྱངས་པའི་རྩལ་ནུས་ལ་བརྟེན་ནས་ས་གནས་དེ་གའི་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རོགས་བྱེད་པ། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད། ཝུའུ་དབྱིང་ཅེས་ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་ཡིན། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ནི་ངས་སེམས་ཁྲལ་ཆེ་ཤོས་བྱེད་པའི་ལས་དོན་གཙོ་བོ་དེ་ཡིན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལས་ཞུགས་སྔོན་ལ་འཇོག་པའི་འཐབ་ཇུས་དང་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་མཐའ་འཁྱོངས་བྱེད་པ་དང་། མཐོ་སློབ་སློབ་ཐོན་སློབ་མའི་སྲིད་གཞུང་གི་ལས་ཞུགས་དང་ཁྲོམ་རར་ལས་ཞུགས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། རང་སྐྱོང་ལྗོངས་ཀྱིས་བཏོན་པའི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་ཡག་པོ་བྱེད་པ་བཅས་བྱས་ཏེ། ལས་སྟེགས་དང་གཞི་རྟེན་བཏོད་ནས་སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་ལ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱེད་དགོས་ཞེས་གསུངས་པ་རེད། 

    ཞིང་འབྲོག་ཚན་རྩལ་གསར་གཏོད་དང་ཁྱབ་གདལ་ལས་དོན་དེ་བོད་ཀྱི་ཞིང་འབྲོག་ལས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འབྲེལ་བ་ཡོད་ལ། མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བ་དང་ཡང་འབྲེལ་བ་ཡོད། ཝུའུ་དབྱིང་ཅེས་དེའི་ཐད་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། ཁོང་སྲོག་ཆགས་ཀྱི་རྒྱུད་སྤེལ་རྒྱུད་གསོའི་གཙོ་གནད་ཚོད་ལྟ་ཁང་དང་། བོད་ཕག་མཐུན་སྦྱོར་ཞིབ་འཇུག་ལྟེ་གནས། ས་མཐོའི་རྩི་ཤིང་འདེབས་གསོ་ཚོད་ལྟ་ཁང་བཅས་སུ་ཕེབས་ཏེ་སློབ་ཆེན་སློབ་མའི་ས་ཆ་དངོས་ཀྱི་ཚོད་ལྟར་ནན་ཏན་ངང་གཟིགས་པ་དང་། ཀྲང་ཅན་དང་། ཆི་ཡུས་ཐན། ཧྥེང་ཤིས་པོ་སོགས་མཛུབ་ཁྲིད་དགེ་རྒན་གྱི་བོད་ཕག་གསོ་ཚགས་དང་། ནས་དང་། མ་རྨོས་ལོ་ཏོག པད་ཁ་བཅས་ཀྱི་སྣ་ཁ་གསར་པ་འདེམས་གསོ་སོགས་ཀྱི་དཔྱད་གཞི་ཞིབ་འཇུག་སྐོར་གྱི་གནས་ཚུལ་གསན་པ་རེད། ཚན་རྩལ་མི་སྣས་ལག་རྩལ་གསར་གཏོད་ལ་བརྟེན་ནས་ལྷུན་རྩེ་རྫོང་གི་ནས་ནག་མུའུ་རེའི་ཐོན་འབབ་ཆེས་ཆེར་འཕར་རྒྱུར་རོགས་རམ་བྱས་པ་མཁྱེན་འཕྲལ་ཝུའུ་དབྱིང་ཅེ་དགྱེས་ཚོར་ཆེན་པོ་བྱུང་ནས་བོད་དུ་ལས་དོན་ཐམས་ཅད་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་ས་ནི་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་རེད། ཞིབ་ཕྲ་བརྗོད་ན། ས་གནས་ཀྱི་དོན་དངོས་དང་འཚམ་པའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཞིང་འབྲོག་པར་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་རེད་ཅེས་གསུངས་པ་རེད། 

    ཆུ་བེད་ཨར་ལས་བཟོ་སྐྲུན་སློབ་གླིང་གཞུང་ལས་ཁང་དུ་སློབ་གྲོགས་གསུམ་བཞི་ཙམ་འཛོམས་ནས་དཔྱད་བསྡུར་སྤེལ་རེས་བྱེད་པ་དང་མཐུན་སྒྲིལ་མཛའ་བཤེས་དང་ཧུར་བརྩོན་ཡར་སྐྱེད་ཀྱི་རྣམ་པ་ཟབ་མོ་ཞིག་མངོན་ཡོད། ཝུའུ་དབྱིང་ཅེ་ཁོང་ཚོའི་ཁྲོད་དུ་ཕེབས་ནས་ཚང་མ་དང་བྱམས་བརྩེའི་ངང་གླེང་མོལ་གནང་ཞིང་། གཞིས་རྩེ་ནས་ཡིན་པའི་སློབ་མ་ཕུར་གཡང་དང་ཆབ་མདོ་ནས་ཡིན་པའི་སློབ་མ་བསམ་སྐྱིད་ནི་སློབ་མ་ཏང་ཡོན་ཡིན་པ་མཁྱེན་རྗེས་ཁོང་དགྱེས་ཚོར་ཆེན་པོ་བྱུང་ནས་ཕུར་གཡང་དང་བསམ་སྐྱིད་ལ་སྦྱངས་པའི་ཤེས་བྱར་བརྟེན་ནས་ཁྱིམ་གྱི་གཉེན་ཉེ་ཚོར་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་ཏེ་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་ཚེ་འདིའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་རྒྱུའི་ཁྲིད་སྟོན་བྱེད་དགོས་པའི་ཐུགས་རེ་གནང་བ་རེད། 

    ཆབ་མདོ་གྲོང་ཁྱེར་ས་ངན་ཡུག་ཁུལ་གྲོང་ཁྱེར་བརྒལ་ནས་སྤྱི་ཡོངས་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱེད་པའི་ལས་དོན་དངོས་སུ་སྤེལ་འགོ་ཚུགས་ཚུན། མང་ཚོགས་ཁག་དང་ཁག་བྱས་ནས་རི་ཁུལ་ནས་སྤོས་ཏེ་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་ཡོད། ད་ཆ་གནས་སྤོས་མང་ཚོགས་ཀྱིས་བསམ་བློ་གང་ཞིག་གཏོང་མིན་དང་། ཁོང་ཚོས་གང་ཞིག་རེ་སྒུག་བྱེད་མིན། ཁོང་ཚོར་ད་དུང་དཀའ་ངལ་དང་འདུན་པ་གང་དག་ཡོད་མིན་བཅས་ཀྱི་གནད་དོན་དེ་དག་ལ་དམིགས་ཏེ་ཝུའུ་དབྱིང་ཅེ་བྲག་ཡིབ་ཆུས་ཀྱི་བཅའ་གནས་གྲོང་ཚོ་དང་སྦེ་པ་གྲོང་རྡལ་གྱི་དགའ་སྐྱིད་གྲོང་ཚོར་ཕེབས་ཏེ་སྐབས་བསྟུན་འདྲི་རྟོགས་གནང་བ་དང་། གནས་སྤོས་མང་ཚོགས་ལ་གཟིགས་པ། ཚང་མའི་བསམ་འཆར་དང་གྲོས་འགོ་གསན་པ་རེད། 

    དངོས་གྲུབ་དང་སྲི་ཐར་གྱི་ཁྱིམ་དུ་ཝུའུ་དབྱིང་ཅེས་མི་ཚང་མ་དང་ལྷན་དུ་བཞུགས་ནས་ལྷག་བསམ་ཟོལ་མེད་ཀྱི་གླེང་མོལ་གནང་བ་རེད། “ཁྱིམ་གསར་པར་སྤོས་རྗེས་མི་འཕྲོད་པའི་གནས་ཚུལ་འདུག་གམ”“འབྲུ་རིགས་འདང་གི་འདུག་གམ”“ཕྱིས་སུ་འཆར་གཞི་གང་དག་ཡོད་དམ”ཅེས་ཝུའུ་དབྱིང་ཅེས་ཚང་མའི་ཉེ་འགྲམ་གྱི་བྱ་བ་དང་ཚང་མའི་མྱོང་ཚོར་ནས་གླེང་འགོ་བཙུགས་པ་རེད། གནས་སྤོས་མང་ཚོགས་ཀྱིས་འཚང་ཁ་ཤིག་ཤིག་ངང་ཝུའུ་དབྱིང་ཅེ་ལ་ཁོང་ཚོའི་འཚོ་བར་འགྱུར་ལྡོག་སྐོར་བརྗོད་ཅིང་། ཝུའུ་དབྱིང་ཅེས་དགའ་ཚོར་དང་ཡིད་ཆེས་ཀྱིས་ཁེངས་པའི་ངོ་གདོང་རེ་རེར་གཟིགས་བཞིན་ཐུགས་བཟང་ཚིག་ནན་གྱིས“ཁྱེད་ཚོས་བལྟོས་དང་། ལོ་དེ་དག་རིང་ང་ཚོའི་འཚོ་བ་ཉིན་རེ་ལས་མ་འདས་པར་ལེགས་སུ་འགྲོ་བཞིན་ཡོད། དེའི་རྒྱུ་མཚན་གང་ཡིན་ནམ། གཙོ་བོ་ནི་ང་ཚོར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ཡོད་པས་རེད”ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་མཚོ་ལས་ཟབ་པའི་བཀའ་དྲིན་བློ་ལ་བརྟན་པོར་ངེས་ནས་དེ་བས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་ལ་སྲུང་སྐྱོང་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་། མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་ལ་སྲུང་སྐྱོང་བྱེད་དགོས། དྲིན་ཚོར་གྱི་བསམ་པ་རང་སྟོབས་རང་སྤེལ་དང་འབད་བརྩོན་ལྷོད་མེད་ཀྱི་ནང་སྐྱེས་སྒུལ་ཤུགས་སུ་འགྱུར་བ་བྱེད་པ་དང་། ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ། སྐྱོན་བྲལ་ཤེས་དཔལ་གྱི་འཚོ་བ་སྐྱེལ་སྟངས་དོན་གཉེར་བཅས་བྱས་ཏེ་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས། ཚེ་འདིའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་དགོས”ཞེས་གསུངས། ཝུའུ་དབྱིང་ཅེས་ཕྱོགས་ཡོངས་ལ་གཏིང་ཟབ་པ་དང་ཞིབ་ཅིང་ཕྲ་བའི་སྒོ་ནས་གསུངས་པ་དང་། མང་ཚོགས་ཚོས་ཀྱང་བློ་རྩེ་གཅིག་ཏུ་སྒྲིམ་ནས་ཉན་པ་རེད། དངོས་གྲུབ་དང་སྲི་ཐར་ཏང་ཡོན་ཡིན་པ་མཁྱེན་རྗེས། ཝུའུ་དབྱིང་ཅེས་ཁོང་ཚོར། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཚང་མས་ཏང་དང་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཧུར་ཐག་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་དང་མཐུན་སྒྲིལ་སྣེ་ཁྲིད་བྱེད་པ། ས་གནས་དེ་གའི་མང་ཚོགས་དང་འབྲེལ་འདྲིས་གཏིང་ཟབ་བྱེད་པ། སྒྲིག་བཀུར་ཁྲིམས་སྲུང་དང་དོ་དམ་དང་དུ་ལེན་པ། མིག་སྔའི་དཀའ་ངལ་ཁྱད་བསད་བྱེད་པ། ངལ་རྩོལ་ཧུར་ཐག་བཅས་བྱས་ནས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་གསར་པ་ཐུན་མོང་ཐོག་ཡག་པོ་སྐྲུན་དགོས་པའི་བཀའ་མངགས་གནང་བ་རེད། 

    ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚང་མར་གཟིགས་པར་ཕེབས་པར་ཤེས་རྗེས། ས་ངན་ཡུག་ཁུལ་གྱི་གནས་སྤོས་མང་ཚོགས་ཚོས་གཅིག་རྗེས་གཉིས་མཐུད་ངང་དེར་ཡོང་ནས་ཚང་མས་ཧྲུའུ་ཅི་ཝུའུ་དབྱིང་ཅེར་ཏང་གི་བཀའ་དྲིན་ཆེན་པོ་ཡིན་པའི་བསམ་པ་མཚོན་པར་བྱས་ཡོད་ལ། མིག་སྔའི་ཐོན་སྐྱེད་དང་འཚོ་བའི་ནང་འཕྲད་པའི་དཀའ་ངལ་ཡང་བརྗོད་པ་རེད། ཝུའུ་དབྱིང་ཅེས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ས་གནས་ས་ཐོག་ཏུ་གཞུང་དོན་བསྒྲུབ་ནས་མང་ཚོགས་ཀྱི་དོགས་གནད་རེ་རེར་ལན་གསལ་པོ་བསྐྱོན་གནང་བ་རེད།

    ཝུའུ་དབྱིང་ཅེས་ནན་བཤད་གནང་དོན། མི་འབོར་དབུལ་པོ་དང་ས་ཁུལ་དབུལ་པོ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་རྒྱུ་ནི་རང་རེའི་ཏང་གི་རྔམ་བརྗིད་ལྡན་པའི་ཁས་ལེན་ཞིག་རེད། ས་གནས་ཁག་དང་སྡེ་ཚན་ཁག་གིས“མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་བརྟན་པོ་འཛུགས་པ། རང་འཁྲིའི་ལས་འགན་འཁུར་བ་དང་གཞོགས་འདེགས་དམ་ཟབ་བཅས་བྱས་ནས་ལས་དོན་དེར་དམ་འཛིན་ནན་པོ་དང་། ཡག་པོ། ཏན་ཏིག་བཅས་བྱེད་དགོས། གནས་སྤོས་བྱ་ཡུལ་གྱི་ཏང་ཨུད་དང་སྲིད་གཞུང་གིས་གནས་སྤོས་མང་ཚོགས་གཉེན་ཉེར་བརྩིས་ནས་འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ་དང་། རྗེས་མཐུད་ཀྱི་འགན་སྲུང་དང་བཀོད་སྒྲིག་ཞབས་ཞུའི་ལས་དོན་ཏན་ཏིག་སྒྲུབ་པ། བློ་གཅིག་སེམས་གཅིག་གིས་ཁོང་ཚོར་བྱ་བ་དངོས་སྒྲུབ་རོགས་དང་། དཀའ་གནད་སེལ་རོགས། བྱ་བ་བཟང་པོ་སྒྲུབ་རོགས་བཅས་བྱས་ཏེ་མི་སེམས་གཅིག་སྒྲིལ་དང་རྨང་གཞི་བརྟན་དུ་གཏོང་དགོས། དེ་སྔའི་གནས་ཡུལ་གྱིས་འགན་འཁྲི་གཙང་སྒྲུབ་དང་། སྦྲེལ་མཐུད་ལ་ཤུགས་སྣོན། གཞོགས་འདེགས་དམ་ཟབ། རྗེས་སྙེག་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་བརྟན་པོ་དང་བདེ་འཇགས་ངང་བར་བརྒལ་ཐུབ་པ་བྱེད་དགོས། 

    བརྟག་ཞིབ་གནང་རིང་། ཝུའུ་དབྱིང་ཅེས་ད་དུང་ཀླུ་ནང་གྲོང་རྡལ་ཆུང་ངུའི་ཡུལ་སྐོར་སྣེ་ལེན་ལྟེ་གནས་སུ་ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་གནས་ཚུལ་ལ་བརྟག་ཞིབ་ཀྱང་གནང་བ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།