[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཧོ་ཝུན་ཧའོ་ལྗོངས་ཡོངས་ཀྱི་དུག་འགོག་ལས་དོན་གྱི་བརྙན་ལམ་ཚོགས་འདུར་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-22

    ཚེས་17ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་དུག་འགོག་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ་བོད་ལྗོངས་ཡན་ལག་ཚོགས་རར་ཕེབས་པ་རེད།

    དེ་རྗེས་འཚོགས་པའི་ལྗོངས་ཡོངས་ཀྱི་དུག་འགོག་ལས་དོན་གྱི་བརྙན་ལམ་ཚོགས་འདུར་ཧོ་ཝུན་ཧའོ་ཡིས་ལྗོངས་ཡོངས་ཀྱི་དུག་འགོག་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་དང་ཕྱོགས་ཡོངས་ནས་ཕྱོགས་སྡོམ་གནང་བ་མ་ཟད། དུས་ཡུན་རིང་པོའི་ནང་དུག་འགོག་གི་འཐབ་ས་དང་པོར་དམག་འཐབ་བྱེད་མཁན་རྒྱ་ཆེའི་དུག་འགོག་ལས་དོན་པར་འཚམས་འདྲི་ཡང་གནང་བ་རེད།

    ཧོ་ཝུན་ཧའོ་ཡིས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་དུག་འགོག་ལས་དོན་གྱི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་ཁུར་སེམས་སྔར་བས་ཆེ་རུ་གཏོང་བ་དང་། བྱ་ཐབས་ནུས་ལྡན་སྤྱོད་པ། ཕྱི་ནས་ཡོང་བའི་དུག་འཐེན་མཁན་དང་དུག་འཚོང་རྒྱག་མཁན་མུ་མཐུད་བཅོས་སྒྲིག་བྱ་རྒྱུ་གཙོ་གནད་དུ་བཟུང་བ། དུག་རྫས་ཀྱི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།