[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • སྤེན་པ་བཀྲ་ཤིས་ཀྱིས་རང་ལྗོངས་ཀྱིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་གསར་རྩོམ་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-22

    ཟླ་7ཚེས་19ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་ཀྱིས་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། “གུང་ཁྲན་ཏང་ཕེབས་ནས་སྡུག་བསྔལ་བདེ་ལ་འཁོད”ཅེས་པའི་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་མཚན་ཚོགས་ཀྱི་གསར་རྩོམ་ཉམས་མྱོང་ལ་ཕྱོགས་སྡོམ་དང་སྤེལ་རེས་བྱས་ཏེ་རང་ལྗོངས་ཀྱིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་གསར་རྩོམ་གྱི་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

    སྤེན་པ་བཀྲ་ཤིས་ཀྱིས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་མཚན་ཚོགས་ཀྱི་ཇུས་འགོད་དང་། གསར་རྩོམ། ནང་སྦྱོང་། འཁྲབ་སྟོན་བཅས་ཀྱི་བརྒྱུད་རིམ་དང་ལྷུ་ཚིགས་ཚང་མར། དར་ཆ་མཐོན་པོར་བསྒྲེང་བའི་ཆབ་སྲིད་ཀྱི་ཡང་དག་པའི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་སྟོན་ཕྱོགས་མཐའ་འཁྱོངས། རྒྱུན་འཛིན་དང་གསར་གཏོད་ཟུང་འབྲེལ་གྱི་གསར་རྩོམ་གྱི་འདུ་ཤེས་མཐའ་འཁྱོངས། མཐུན་སྒྲིལ་མཉམ་ལས་ཀྱི་གསར་རྩོམ་གྱི་ཉམས་འགྱུར་མཐའ་འཁྱོངས། ཡག་ཐོག་ཡག་བརྩེགས་ཀྱི་གསར་རྩོམ་གྱི་སྙིང་སྟོབས་མཐའ་འཁྱོངས་བཅས་བྱས་ཏེ་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་གསོན་ཉམས་ལྡན་པའི་སྒོ་ནས་མཚོན་པར་བྱས་པ་དང་། འཁྲབ་སྟོན་ཐོག་བོད་ཀྱི་དུས་རབས་ཕྱེད་ཙམ་གྱི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་མངོན་པར་བྱས་པ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་གི་བཀའ་དྲིན་ཤེས་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བའི་ཆོད་སེམས་བརྟན་པོ་མཚོན་པར་བྱས་པ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་གོམ་ཞེང་ཆེན་པོས་དུས་རབས་གསར་པར་སྐྱོད་པའི་ཉམས་འགྱུར་བཟང་པོ་མཚོན་པར་བྱས་ཡོད། དེ་ནི་ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་རིག་རྩལ་གསར་རྩོམ་ཁྲོད་ཀྱི་བརྩམས་ཆོས་རྩེ་གྲ་ཞིག་ཡིན་པ་དང་། དེའི་ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། སྒྱུ་རྩལ་གྱི་རང་བཞིན། སྤྱན་གཟིགས་རང་བཞིན་བཅས་ཚང་མ་ཆུ་ཚད་གསར་པར་སླེབས་པ་དང་། རྒྱ་ཆེའི་མང་ཚོགས་ཚོས་དགའ་པོ་བྱེད་ཀྱི་ཡོད་ལ་ཕྱོགས་ཁག་གི་གདེང་འཇོག་བཟང་པོ་ཡང་མགྲིན་གཅིག་ཏུ་ཐོབ་པས་ལྗོངས་ཡོངས་ཀྱི་གོང་འོག་ཚང་མར་ཤུགས་རྐྱེན་བཟང་པོ་ཐེབས་ཡོད་ཅེས་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།