[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་ཕུལ་བ།

    ཝུའུ་དབྱིང་ཅེ་དང་། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཏིང་ཡེ་ཤན། ཀྲོང་ཡན་སོགས་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-01

    666183_yis_1569862503016.jpg

    ཟླ་9ཚེས་30ཉིན་གྱི་སྔ་དྲོར། སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་ལྷ་སའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་གཟབ་རྒྱས་ངང་འཚོགས་ཤིང་། འདི་ནི་ཝུའུ་དབྱིང་ཅེས་མེ་ཏོག་སི་རའི་སྟེང་གི་དར་འཛར་དམར་པོ་གྲལ་འགྲིག་པོ་བཟོ་བཞིན་པ།

    666180_yis_1569862501976.jpg

    འདི་ནི་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་དམག་གི་འགོ་ཁྲིད་དང་ལྗོངས་ཡོངས་ཀྱི་མི་རིཌ་ཁག་དང་ལས་རིཌ་ཁག་གི་ལས་བྱེད་པ་དང་མང་ཚོཌ་ཀྱི་འཐུས་མིས་ལྷན་དུ་བོད་ཞི་བས་བཅིངས་འགྲོལ་དང་འཛུཌ་སྐྲུན་བྱ་གཞག་ཆེད་དཔའ་ངར་ཆེན་པོས་རང་སྲོག་བློས་གཏོང་མཁན་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་ཕུལ་ནས་རྗེས་དྲན་ཞུ་བཞིན་པ།

    ཚེས་30ཉིན་གྱི་སྔ་དྲོར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མཚམས་འདིར། སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་ལྷ་སའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་གཟབ་རྒྱས་ངང་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་སྲིད་དམག་གསུམ་གྱི་འགོ་ཁྲིད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་དང་ལྷན་དུ་བོད་ཞི་བའི་བཅིངས་འགྲོལ་དང་འཛུགས་སྐྲུན་བྱ་གཞག་ལ་དཔའ་མཛངས་རྟུལ་ཕོད་ཀྱིས་ལེགས་སྐྱེས་འབུལ་མཁན་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་ཕུལ་ནས་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས་པ་དང་ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་སྔོན་གཤེགས་དཔའ་བོའི་ཕུགས་རེ་རྒྱུན་འཛིན་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བར་དམ་པོར་དམིགས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་པའི་ཆོད་སེམས་དང་ཡིད་ཆེས་བརྟན་པོ་གང་ལེགས་མཚོན་པར་བྱས་པ་རེད།

    ཝུའུ་དབྱིང་ཅེ་དང་། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཏིང་ཡེ་ཤན། ཀྲོང་ཡན། ཞུས་ཡུང་། ཀྲང་ཞུའེ་ཅེ། ལིའུ་ཅང་། ཁྲེང་ཡུང་ཆི་སོགས་རང་སྐྱོང་ལྗོངས་དང་བོད་དམག་ཁུལ་ཁང་གི་འགོ་ཁྲིད་བློ་མཐུན་ཕེབས་པ་མ་ཟད། སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོར་ཡང་ཞུགས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་ཀྱིས་གཙོ་སྐྱོང་གནང་བ་རེད།

    སྔ་དྲོའི་ཆུ་ཚོད་9དང་སྐར་མ་40ཙམ་ལ། སྔོན་གཤེཌ་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་དངོས་སུ་འགོ་ཚུཌ་ཤིང་། 《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》བཏང་བ་དང་དུས་གཅིག་ཏུ་ཚོགས་ར་ཡོངས་ཀྱི་མི་རྣམས་ཀྱིས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་པ་དང་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་སྒྲ་བང་སོའི་སྐྱེད་ཚལ་གྱི་མཁའ་དབྱིངས་སུ་གྲགས། དེ་རྗེས། མི་རྣམས་ཀྱིས་ཞྭ་མོ་ཕུད་དེ་ཐུན་མོང་ཐོག་བོད་ཞི་བའི་བཅིངས་འགྲོལ་གྱི་དོན་དུ་ཚེ་སྲོག་སྐྱེས་སུ་འབུལ་མཁན་སྔོན་གཤེགས་དཔའ་བོ་དང་། ཁྲོན་བོད་དང་མཚོ་བོད་གཞུང་ལམ་སྐྲུན་ཆེད་ཚེ་སྲོག་སྐྱེས་སུ་འབུལ་མཁན་སྔོན་གཤེགས་དཔའ་བོ། བོད་ཀྱི་ངོ་ལོག་ཟིང་འཁྲུག་ཞོད་འཇགས་དང་དམངས་གཙོའི་བཅོས་སྒྱུར་ཆེད་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོ། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་འཕེལ་རྒྱས་དང་བརྟན་ལྷིང་ཆེད་རང་སྲོག་ཤོར་བའི་སྔོན་གཤེགས་དཔའ་བོ་བཅས་ལ་ངག་བསྡམས་ནས་མྱ་ངན་ཞུས་པ་རེད།

    མྱ་ངན་ཞུས་རྗེས། ལོ་ཆུང་གདོང་ལེན་རུ་མི་ཚོས་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་གི་ཤོད་དུ《ང་ཚོ་ནི་གུང་ཁྲན་རིང་ལུགས་ཀྱི་ཤུལ་འཛིན་པ་ཡིན》ཞེས་པའི་གླུ་གཞས་བཏང་བ་དང་འབྲེལ། སྔོན་གཤེགས་དཔའ་བོར་ལོ་ཆུང་གདོང་ལེན་རུ་ཁག་གི་གུས་ལུགས་ཐོག་ནས་གུས་འདུད་ཀྱང་ཞུས་པ་རེད།

    སྙན་འཇེབས་ལྡན་པའི《མེ་ཏོག་འབུལ་བའི་གླུ་དབྱངས》ཀྱི་འགྱུར་ཁུག་དང་བསྟུན་ནས་གུས་དམག་18ཀྱིས་མེ་ཏོག་སི་ར་བཏེགས་ནས་དྲན་གསོའི་རྡོ་རིང་གི་ཕྱོགས་སུ་དལ་གྱིས་བསྐྱོད་ཅིང་། མེ་ཏོག་སི་ར་དྲན་གསོའི་རྡོ་རིང་གི་སྟེགས་བུའི་མདུན་དུ་བསྒྲིགས། ཝུའུ་དབྱིང་ཅེ་དང་། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཏིང་ཡེ་ཤན། ཀྲོང་ཡན། ཞུས་ཡུང་སོགས་འགོ་ཁྲིད་བློ་མཐུན་ཚོས་དྲན་གསོའི་རྡོ་རིང་གི་སྟེགས་བུའི་མདུན་དུ་ཕེབས་ནས་མེ་ཏོག་སི་རའི་སྟེང་གི་དར་འཛར་དམར་པོ་གྲལ་འགྲིག་པོ་བཟོས་གནང་བ་རེད།

    དེ་རྗེས། རང་སྐྱོང་ལྗོངས་ཏང་སྲིད་དམག་གི་འགོ་ཁྲིད་ཀྱིས་གཅིག་རྗེས་གཉིས་མཐུད་ངང་སྔོན་གཤེཌ་དཔའ་བོའི་བང་སོར་གུས་མཇལ་ཞུས་པ་དང་། གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་དང་དྲན་གསོ་གནང་ཞིང་། སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་དུ་ལྟ་སྐོར་གནང་བ་དང་། བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་ཀྱི་ལོ་ངོ་70ཡི་རིང་གི་སྤྱིར་བཏང་མིན་པའི་ལོ་ཟླར་བསྐྱར་དྲན་ཞུས་ནས། གསར་བརྗེའི་སློབ་གསོ་སླར་ཡང་དང་ལེན་གནང་བ་རེད། སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་དུ་ཝུའུ་དབྱིང་ཅེས། དྲན་གསོ་ཁང་དུ་བཤམས་པའི་སྔོན་གཤེགས་དཔའ་བོའི་བྱས་རྗེས་ནི་བསྔགས་འོས་པ་ཞིག་ཡིན་ལ་སྐྱོ་འོས་པ་ཞིག་ཀྱང་ཡིན་ཞིང་། དེ་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་མི་མི་རབས་མང་པོས་བོད་ལ་བཅིངས་འགྲོལ་གཏོང་བ་དང་། བོད་འཛུགས་སྐྲུན་བྱེད་པ། བོད་འཕེལ་རྒྱས་གཏོང་བ། དེ་བཞིན་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་བཅས་ཀྱི་ཆེད་རང་སྲོག་བློས་གཏོང་རྒྱུར་མི་འཛེམ་པའི་ཞུམ་མེད་ཀྱི་སྙིང་སྟོབས་ཆེན་པོ་གཅིག་སྡུད་ཐོག་མཚོན་གྱི་ཡོད། དེས་ན་ང་ཚོས་བོད་ཀྱི་གསར་བརྗེའི་ཐོན་ཁུངས་ཕུན་སུམ་ཚོཌ་པོ་གང་ལེགས་སྤྱོད་པ་དང་། གསར་བརྗེའི་རྗེས་ཤུལ་སྲུང་སྐྱོང་ཡག་པོ་བྱེད་པ། ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆ་བསྡུ་རུབ་དང་ལེཌ་སྒྲིག་ཡག་པོ་བྱེད་པ། གསར་བརྗེའི་སྔོན་གཤེགས་དཔའ་བོའི་གཏམ་རྒྱུད་ཡག་པོ་ཤོད་པ་བཅས་བྱས་ནས། མི་རིགས་ཁག་གི་མི་དམངས་ཀྱིས་གསར་འབྱེད་མདུན་སྐྱོད་ལ་ལྕག་སྐུལ་བྱེད་པའི་བསམ་པའི་སྟོབས་ཤུཌ་ཆེན་པོ་ཞིག་ཏུ་འགྱུར་བར་བྱེད་དགོས་པ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”མུ་མཐུད་དར་སྤེལ་གཏོང་བ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་གཏིང་ཟབ་བསྟར་ནས་དུས་རབས་གསར་པའི་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་འབད་འཐད་ལྷོད་མེད་བྱ་རྒྱུར་ལྕག་སྐུལ་བྱེད་དགོས་ཞེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།