[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཆེ་དགྲ་ལྷས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་འཕེལ་རྒྱས་གནས་ཚུལ་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱིགསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-09

    ཚེས་7ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་ལྷ་སའི་མི་རིགས་ཁྱད་ལྡན་སྤུས་རྟགས་རིག་གནས་ཡུལ་སྐོར་ཐོན་རྫས་འགྲེམས་ཚོང་ལྟེ་གནས་སུ་བརྟག་ཞིབ་གནང་བར་ཕེབས་པ་རེད། 

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་གྲུབ་དང་། རྒྱལ་མཚན། དབང་ཧའེ་ཀྲོའུ་བཅས་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད། 

    བོད་ལྗོངས་ཚོགས་འགྲེམས་ལྟེ་གནས་ཀྱི་འགྲེམས་ཁང་ཨང་གཉིས་པར་གནས་པའི་མི་རིགས་ཀྱི་ཁྱད་ལྡན་སྤུས་རྟགས་རིག་གནས་ཡུལ་སྐོར་ཐོན་རྫས་འགྲེམས་ཚོང་ལྟེ་གནས་དེ་རྒྱུན་རྣམ་ཅན་གྱི་གཉེར་སྐྱོང་གི་མི་རིགས་ཀྱི་ཁྱད་ལྡན་སྤུས་རྟགས་གཅིག་སྡུད་ཐོག་འགྲེམས་སྟོན་དང་འགྲེམས་ཚོང་བྱེད་པའི་སྐར་ཁུང་དང་། མི་རིགས་ཀྱི་ཁྱད་ལྡན་སྤུས་རྟགས་ཐོན་རྫས་གཅིག་སྡུད་ཁུལ། ལྗོངས་ཡོངས་ཀྱི་ཡུལ་སྐོར་བའི་སྤྲོ་གསེང་མྱོང་རོལ་ལྟེ་གནས་བཅས་ཡིན། ཆེ་དགྲ་ལྷས་འགྲེམས་ཚོང་ཁུལ་ཁག་ཏུ་འགྲེམས་ཁང་གི་བཀོད་པ་དང་འགྲེམས་སྟོན་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་ནན་ཏན་གནང་ཞིང་། ཁོང་གིས་ང་ཚོས་ངེས་པར་དུ་ཐོན་རྫས་ཀྱི་སྤུས་ཚད་འགག་སྒོ་ནན་པོ་བསྲུངས་ནས་འདེམས་སྒྲུག་ཡག་པོ་རྒྱག་པ་དང་སྤུས་ཚད་འགན་ལེན་བྱེད་པའི་ཁར་ལས་སྟེགས་དེར་གང་ལེགས་བརྟེན་ནས་རང་ལྗོངས་ཀྱི་ཁྱད་ལྡན་རིག་གནས་དང་། ཡུལ་སྐོར། སྤུས་ལེགས་ཐོན་རྫས། མི་རིགས་ཀྱི་གོམས་སྲོལ་བཅས་གཅིག་ཏུ་བསྡུས་ཏེ་དྲིལ་བསྒྲགས་དང་། འགྲེམས་སྟོན། འགྲེམས་ཚོང་། མྱོང་རོལ་སོགས་ཀྱི་ནུས་པ་ལྡན་པའི“གཅིག་འཐུས་རྣམ་པའི”ཞབས་ཞུ་ལྟེ་གནས་ཆགས་པར་བྱས་ཏེ་བོད་ཀྱི་མི་རིགས་ཀྱི་ཁྱད་ལྡན་ཐོན་རྫས་སྤུས་རྟགས་ཀྱི་མཚན་སྙན་གྲགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། 

    ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། སྒྲིག་སྲོལ་ལམ་སྲོལ་གསར་གཏོད་བྱེད་པ། ལེ་ལག་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་བ། དྲ་ཐོག་ཚོང་དོན་གྱི་ལས་སྟེགས་གང་ལེགས་སྤྱོད་པ། དྲ་ཐོག་དང་དྲ་ཕྱི་ནས་ཉོ་ཚོང་བྱེད་ཆོག་པ་དང་དྲ་ཕྱི་ནས་མྱོང་རོལ་བྱེད་པའི་འཛད་སྤྱོད་རྣམ་པ་གཏོད་པ་བཅས་བྱས་ཏེ། ཚོང་དོན་སྟབས་བདེ་ཅན་དང་། ནུས་པ་སྣ་མང་ཅན། ཞབས་ཞུ་ཆེད་ལས་ཅན་བཅས་ཀྱི་མི་རིགས་ཀྱི་ཁྱད་ལྡན་སྤུས་རྟགས་འགྲེམས་སྟོན་ལས་སྟེགས་ཤིག་བསྐྲུན་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཁྲོམ་ར་དང་སྲིད་གཞུང་གི“ལག་གཉིས”ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཐོན་ལས་སྐྱེད་སྲིང་ཧུར་ཐག་བཅས་བྱས་ཏེ། རང་ལྗོངས་ཀྱི་དཔལ་འབྱོར་གྱི་གསར་གཏོད་ནུས་པ་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་དང་། བོད་ཀྱི་ཐོན་ལས་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་རོགས་བྱས་ནས་ས་ཁོངས་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཤུགས་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།