[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་རང་སྐྱོང་ལྗོངས་མཐའ་སྲུང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་ཚོགས་འདུ་ལྷ་སར་འཚོགས་པ།

    ཝུའུ་དབྱིང་ཅེས་གསུང་བཤད་གནང་བ་དང་། ཆེ་དགྲ་ལྷ་དང་། ཏིང་ཡེ་ཤན། ཀྲོང་ཡན་བཅས་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-10

    ཟླ་10ཚེས་8ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་མཐའ་སྲུང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་ཚོགས་འདུ་ལྷ་སར་འཚོགས་པ་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ། རང་སྐྱོང་ལྗོངས་མཐའ་སྲུང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་མཐའ་སྲུང་དང་མཚོ་སྲུང་ལས་དོན་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ཏང་གི་ཚོཌ་ཆེན་བཅུ་དགུ་པའི་ཐོག་ཁ་གསལ་བཟོས་པའི“མཐའ་མཚམས་འཕེལ་རྒྱས་མགྱོགས་སུ་བཏང་ནས་མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས་པའི”གཙོ་རྐང་དེར་དམིགས་ཏེ་བློ་རྩ་བརྟན་པོས་ཡར་བརྩོན་དང་དཀའ་སྤྱད་སྙིང་རུས་བྱས་ནས་མཐའ་མཚམས་ས་ཁུལ་གྱི་ལས་ཀའི་རྣམ་པ་གསར་པ་འབད་བརྩོན་ཆེན་པོས་གསར་གཏོད་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

    ཚོགས་འདུའི་ཐོག་རྒྱལ་ཁབ་མཐའ་སྲུང་དང་མཚོ་སྲུང་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ཡིག་ཆ་དང་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་གནང་བ་དང་རང་སྐྱོང་ལྗོངས་མཐའ་སྲུང་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ཡིག་ཆར་ཞིབ་འཇུག་གནང་བ་རེད།

    ཚོགས་འདུའི་ཐོག་རང་ལྗོངས་ཀྱི་མཐའ་སྲུང་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་དུས་རབས་གསར་པར་ཏང་སྲིད་དམག་ཉེན་དམངས་ཀྱིས་མཉམ་ཤུགས་བཏོན་ནས་མཐའ་མཚམས་སྟོབས་ཆེན་དང་སྲ་བརྟན་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་བསམ་འཆར་དང་། མཐའ་མཚམས་མི་དམངས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མཐའ་སྲུང་མཐའ་བརྟན་ལ་སྐུལ་འདེད་གཏོང་དགོས་པའི་མཛུབ་ཁྲིད་བསམ་འཆར། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་པའི་བསམ་འཆར་སོགས་ཀྲུང་དབྱང་གི་ཡིག་ཆའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ནས་མཐའ་སྲུང་ལས་དོན་ཡག་པོ་སྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་རང་ལྗོངས་ཀྱི་མཐའ་སྲུང་ལས་དོན་ལ་འཕྲད་པའི་དུས་བབ་གསར་པ་དང་ལས་འགན་གསར་པ་འཕྱུགས་མེད་ངང་ཁོང་དུ་ཆུད་པ་བྱས་ཏེ་མཐའ་མཚམས་སྟོབས་ཆེན་དང་སྲ་བརྟན་གཏོང་བའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་་གཏོང་དགོས་པའི་ནན་བཤད་གནང་བ་རེད། 

    ཚོགས་འདུའི་ཐོག་མཐའ་སྲུང་ལས་དོན་ལ་ཏང་གིས་གཅིག་སྡུད་གཅིག་གྱུར་ངང་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་ཀྱིས་མཐའ་སྲུང་ལས་དོན་གྱི་ཆབ་སྲིད་ཀྱི་འགོ་ཁྲིད་དང་། བསམ་བློའི་འགོ་ཁྲིད། རྩ་འཛུགས་ཀྱི་འགོ་ཁྲིད་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་།  རིམ་ཁག་ཏང་ཨུད་ཀྱི་ཧྲུའུ་ཅིས་མཐའ་སྲུང་ལས་དོན་གྱི་འགན་འཁྲི་གཙོ་བོ་འཁུར་དགོས་པ། རིམ་ཁག་སྲིད་གཞུང་གིས་ཏང་ཨུད་ཀྱི་འབྲེལ་ཡོད་ཐབས་ཇུས་དང་གྲོས་ཆོད་དོན་འཁྱོལ་བྱས་ཏེ་མཐའ་མཚམས་ས་ཁུལ་གྱི་དར་རྒྱས་དང་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་པ། རིམ་ཁག་མཐའ་སྲུང་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་ཞིབ་འཇུག་དང་སྤྱི་འདོམས་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་པ། བོད་སྡོད་དཔུང་སྡེ་དང་། སྤྱི་བདེ་ལས་ཁུངས། རིམ་ཁག་སྡེ་ཚན་ཁག་བཅས་ཀྱིས་ཕྱར་བ་གྲུ་འདེགས་ངང་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བཅས་བྱེད་དགོས། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ནས་ཁྱད་པར་ཅན་གྱི་སྲིད་ཇུས་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་འགན་ལེན་བྱེད་དགོས་པ་དང་། སྤྱི་ཡོངས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ“མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་ཟབ་ཏུ་གཏོང་བ་དང་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་མཐའ་སྲུང་ལས་དོན་གྱི་གཙོ་གནད་ལས་དོན་དང་དམིགས་ཚད་ལས་འགན་ཁ་གསལ་བཟོ་དགོས་པ། དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་དང་སྟབས་བདེ་དང་དངོས་ཕན་མང་ཚོགས་ལ་སྤྲོད་རྒྱུ་མཐའ་འཁྱོངས་ཀྱིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ་མཐའ་མཚམས་མང་ཚོགས་ཀྱི་ཁ་གསབ་མཐོ་རུ་གཏོང་བ་དང་མཐའ་མཚམས་ས་ཁུལ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཧུར་ཐག་བཏང་ཐོག མཐའ་མཚམས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་། ཐོབ་ཚོར། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས་པ། མ་བྱུང་སྔོན་འགོག་གི་རྩ་དོན་ཐོག་ནས་ལས་དོན་སྒྲུབ་པ་དང་། གནད་དོན་ཆེན་པོ་མི་ཐོན་པའི་ཆེད་དུ་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། འགན་འཁུར་ཕོད་པ་དང་འགན་འཁྲི་དོན་འཁྱོལ་ཚད་གཞིར་བྱས་ཏེ་ལས་བྱེད་པར་ལྟ་སྟངས་འཛིན་པ་བཅས་བྱས་ཏེ་འགན་འཁྲི་འཁུར་བ་དང་ལས་དོན་སྒྲུབ་ཕོད་པ་དང་། མཐུན་སྦྱོར་མཉམ་འགུལ་གྱིས་དོན་འཁྱོལ་ལ་དམ་འཛིན་བྱས་ཐོག མཐའ་མཚམས་ས་ཁུལ་གྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པ། དམག་དམངས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་རྨང་གཞིའི་སྒྲིག་བཀོད་མཉམ་སྐྲུན་དང་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། དམག་དམངས་དང་དམག་སྲིད་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་དམག་ཉེན་དམངས་གསུམ་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་ཐོག མཐའ་མཚམས་འཕེལ་རྒྱས་འགན་ལེན་དང་མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་འགན་ལེན་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱས་ཏེ་མེས་རྒྱལ་གྱི་མཐའ་མཚམས་སྲུང་སྐྱོང་ཡག་པོ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།