[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>གནས་དང་དགོན་སྡེ།
  • བོད་ཀྱི་དར་ལྕོག

  • ཡོང་ཁུངས།   ཀྲུང་གོའི་བོད་ལྗོངས་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2013-04-08

    དར་ལྕོག་ནི་དར་རམ་རས་ཀྱི་སྟེང་དུ་གཟུགས་སྣ་ཚོགས་དཔར་ནས་རི་རྩེ་དང་ལ་ཁ། ཡང་ན་སྒོ་ཁང་གི་ཀླད་སོགས་རླུང་བུ་རྒྱུ་ས་ཀུན་ཏུ་བསྐྱོད་པ་དེ་ལ་ཟེར།  བཤད་རྒྱུན་ལ་ལར་དར་ལྕོག་ཐོག་མར་དམག་གི་རྟགས་དང་།  ཡང་འགའ་རེས་ས་རྟགས་ཡིན་པ་ཕྱིས་སུ་ཆོས་ལུགས་ཀྱི་ཕྱག་སྲོལ་དུ་གྱུར་ཚུལ་བཤད་པར་དཔྱད་རྒྱུར་ཡོད་དོ།།

    དར་ལྕོག་གི་ཕན་ཡོན་ནི།  ནང་ཆོས་ལས་གཟུངས་སྔགས་བའི་དཔར་བའི་དར་གྱི་སྟེང་དུ་རླུང་ཕོགས་པའི་རླུང་དེ་སེམས་ཅན་གང་གི་སྟེང་དུ་ཕོགས་ན་སེམས་ཅན་དེ་ལ་ངན་འགྲོ་མེད་པར་གསུངས་པ་དང་། འཇིག་རྟེན་འདིའི་དབང་དུ་བཅོས་ན།  རྐྱེན་ངན་བར་ཆད་སོགས་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་འགོག་པ་དང་། ཚེ་བསོད་དབང་ཀླུང་སྙན་གྲགས་སོགས་མཐུན་པའི་ཕྱོགས་ཐམས་ཅད་གོང་ནས་གོང་དུ་རྒྱས་པ་སོགས་ཀྱི་དགེ་མཚན་ལྡན་ནོ།།

    དར་ལྕོག་གི་མཚོན་དོན་ནི། སྤྱི་བཏང་དར་ལྕོག་སྔོན་པོ།  དཀར་བོ།  དམར་པོ།  ལྗང་གུ  སེར་བོ་སོགས་དར་ཚོན་སྣ་ལྔའི་སྟེང་དཔར་སྲོལ་ཡོད་ལ།  དེ་དག་ནི་འབྱུང་ལྔའི་མཚོན་བྱེད་ཡིན་པ་རྩིས་གཞུང་འགའ་རེར་གསུངས།  འབྱུང་བ་ལྔ་ནི་ས་ཆུ་མེ་རླུང་ནམ་མཁའ་ལྔར་བགྲང་ཡང་།  རྩིས་གཞུང་དུ་ཤིང་དང་མེ།  ལྕགས་དང་ཆུ།  ས་བཅས་ལྔ་བགྲང་མོད།  འོན་ཀྱང་དར་ལྕོག་གི་ཁ་དོག་དེ་དག་བསྒྲིགས་སྟངས་མི་འདྲ་མང་བོ་མཐོང་རྒྱུ་ཡོད་མོད།  སྔ་རབས་དབུས་གཙང་ཕྱོགས་ཀྱི་ཕྱག་རྒྱུན་ལྟར་བྱེད་དེ།  དེ་ནི་སྔོན་པོ་གནམ་དང་།  དཀར་པོ་སྤྲིན།  དམར་བོ་མེ།  ལྗང་གུ་ཆུ།  སེར་བོ་སའི་མཚོན་དུ་བཤད་དོ།  དར་ལྕེ་ནི།  ང་རང་གི་རླུང་རྟའི་ཁམས་ཀྱི་མདོག་གོང་དུ་བྱ་ལ།  དེ་ནས་རིམ་བཞིན་དགྲ་འདེད་ཀྱི་ཁ་དོག་སྣ་ལྔ་བྱའོ།  །  ཞིབ་ཏུ་རྩིས་གཞུང་དུ་ཤེས་པར་བྱའོ།།

    --    --

    འགན་འཁུར་རྩོམ་སྒྲིག་པ། 系统管理员