[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>གནས་དང་དགོན་སྡེ།
  • ཚེ་སྨོན་གླིང་དགོན།

  • ཡོང་ཁུངས།   ལྷ་སའི་དགོན་ཐོ་ལས།    |    རྩོམ་པ་པོ།      |    སྤེལ་དུས།   2016-08-17

    གྲུབ་མཐའ། དགེ་ལུགས།

    ཆགས་ཡུལ། ལྷ་ས་གྲོང་ཁྱེར་བྱང་ཕྱོགས་ཁུལ།

    འདེབས་ལོ། བོད་རབ་བྱུང་བཅུ་བཞི་ཤིང་སྤྲེལ་སྤྱི་ལོ་1824

    འདེབས་མཁན། ཚེ་སྨོན་གླིང་རྒྱལ་ཐོག་གཉིས་པ་ངག་དབང་འཇམ་དཔལ་ཚུལ་ཁྲིམས་རྒྱ་མཚོ།

    རྒྱལ་ཐོག་འདིའི་སྐབས་སྤྱི་ལོ་1830ལོར 《ལྕགས་སྟག་ཞིབ་གཞུང》གསར་དུ་བསྐོས། ཚེ་སྨོན་གླིང་ཐོབ་ཁོངས་གྲྭ་ས་སེ་ར་སྨད་གྲྭ་ཚང་ཡིན། དགེ་འདུན་ཞལ་གྲངས་བདུན་ཅུ་སྐོར་ཡོད། ཚེ་སྨོན་གླིང་བླ་བྲང་ནི། ལྷ་ས་གྲོང་གླིང་ཁག་བཞིའི་ནང་གི་གྲགས་ཅན་གྲས་ཤིག་ཡིན་ཞིང་། ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་དགོངས་པ་རྫོགས་རྗེས་བོད་རབ་བྱུང་བཅུ་གསུམ་པའི་མེ་བྱ་སྤྱི་ལོ་1777ནས་མེ་རྟ་སྤྱི་ལོ་1786བར་ཚེ་སྨོན་གླིང་ངག་དབང་ཚུལ་ཁྲིམས་མཆོག་གིས་བོད་ཀྱི་སྲིད་ཚབ་བསྐྱངས།

    དེ་རྗེས་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ་དགོངས་པ་རྫོགས་རྗེས་ཀུན་གླིང་རྟ་ཚག་རྗེ་དྲུང་བློ་བཟང་བསྟན་པའི་མགོན་པོ་དང་དེ་མོ་ཐུབ་བསྟན་བསྟན་འཛིན་འཇིགས་མེད་རྒྱ་མཚོ་མཆོག་གིས་སྔ་ཕྱིར་བོད་ཀྱི་སྲིད་ཚབ་གནང་། དེ་ནས་ལོ་ཤས་རྗེས་རབ་བྱུང་བཅུ་བཞི་ས་ཡོས་ལོ། སྤྱི་ལོ་1819ནས་ཤིང་འབྲུག་སྤྱི་ལོ་1844བར་སླར་ཡང་ཚེ་སྨོན་གླིང་ངག་དབང་འཇམ་དཔལ་ཚུལ་ཁྲིམས་ཀྱིས་བོད་ཀྱི་སྲིད་ཚབ་ལོ་ངོ་ཉི་ཤུ་རྩ་དྲུག་བསྐྱངས། དེ་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མེ་ལུག་སྤྱི་ལོ་1907ལོར། རྒྱ་དང་སོག་པོའི་ཡུལ་གྲུར་ཆིབས་ཞལ་བསྒྱུར་ནས་གོང་ས་ཆེན་པོའི་བཀའ་དགོངས་བཞིན་ཚེ་སྨོན་གླིང(དགའ་ལྡན་ཁྲི་ཐོག་རྒྱ་དྲུག་པ)ཁྲི་ཟུར་བློ་བཟང་རྒྱལ་མཚན་མཆོག་ནས་སྲིད་ཚབ་ལོ་བཞི་བསྐྱངས་པ་ཡིན་ནོ།།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།