[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཞིབ་འཇུག་འབྲས་བུ།>རིག་གནས།
  • བོད་ཀྱིས“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-11

    ཉེ་ཆར། རང་ལྗོངས་ཀྱི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”དྲིལ་བསྒྲགས་བྱེད་སྒོ་ཕོ་བྲང་པོ་ཏ་ལའི་ཞོལ་གྲོང་དུ་སྤེལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་རང་སྐྱོང་ལྗོངས་རིག་དངོས་ཅུས་དང་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་སོགས་འབྲེལ་ཡོད་ཚན་པས་མང་ཚོགས་ཚོར་རིན་མེད་ངང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོང་བཅའ་ཁྲིམས》དང《བོད་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོང་སྲོལ་ཡིག》《བོད་རང་སྐྱོང་ལྗོངས་ཀྱི་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོང་དོ་དམ་སྲོལ་ཡིག》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་དེ་བཞིན་འབྲེལ་ཡོད་དྲིལ་བསྒྲགས་དཔྱད་ཡིག་དང་རིག་གནས་གསར་གཏོད་ཀྱི་ཐོན་རྫས་ཆུང་གྲས་སྤྲད་དེ། ཡི་གེ་དང་པར་རིས་ལ་བརྟེན་ནས་རང་ལྗོངས་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་གྲུབ་འབྲས་དང་། ལྷག་པར་དུ། གསར་བརྗེའི་རིག་དངོས་སྲུང་སྐྱོང་གི་གནས་ཚུལ་དང་། ཉེ་བའི་ལོ་ཤས་རིང་རིག་དངོས་ཉེས་གསོག་ལ་རྡུང་རྡེག་བཏང་བ་སོགས་ཀྱི་ལས་ཀའི་གྲུབ་འབྲས་མངོན་པར་བྱས་ཏེ། བོད་ཀྱི་རིག་དངོས་ཀྱིས་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་བཏོན་པའི་ནུས་པ་གལ་ཆེན་རྒྱ་ཆེའི་མང་ཚོགས་ཚོས་ས་གནས་ས་ཐོག་ནས་ཚོར་ཐུབ་པར་བྱས་པ་རེད།

    དེ་དང་ཆབས་ཅིག ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་སླད་ཤང་གི་མོན་པའི་ཨ་ཅེ་ལྷ་མོ་ལྷ་ས་རྫོང་རྒྱབ་ཀླུ་ཁང་དུ་མང་ཚོགས་དང་འབྲེལ་འདྲིས་ཆེ་ཤོས་ཀྱི་སྒོ་ནས་འཁྲབ་སྟོན་བྱས་པ་རེད། མོན་པའི་ཨ་ཅེ་ལྷ་མོ་ནི་2006ལོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད་པ་དང་ཞིབ་བཤེར་ཐུབ་པའི་ལོ་རྒྱུས་ཀྱི་དཔྱད་གཞིར་གཞིགས་ན། ད་བར་ལོ་300ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་གསར་འགོད་པས་ཤེས་བྱུང་།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་5པའི་ཟླ་དཀྱིལ་ནས་ལོ་མཇུག་བར། རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱིས“གསར་བརྗེའི་རིག་དངོས་སྲུང་སྐྱོང་གིས་གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད”ཅེས་པའི་བྱེད་སྒོའི་བརྗོད་དོན་གཙོ་བོ་དང“བོད་ནི་གནའ་སྔ་མོ་ནས་བཟུང་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི”ལོ་རྒྱུས་ཀྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”དྲིལ་བསྒྲགས་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་བ་དེའི་དམིགས་ཡུལ་ནི། ཟུར་ཚད་མི་འདྲ་བའི་ཐོག་ནས་བོད་ཀྱི་རིག་གནས་དང་ཀྲུང་ཧྭ་ཡི་རིག་གནས་ཀྱི་དམིགས་བསལ་གྱི་ཁྱད་ཆོས་གསལ་བཤད་བྱས་པ་དང་རྒྱ་ཆེའི་མང་ཚོགས་ཀྱི་རྒྱལ་གཅེས་བརྩེ་སེམས་སྔར་བས་འཕེལ་བར་བྱས་ནས། རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་ཁྲོད་མི་ཚང་མ་ཞུགས་པ་དང་རིག་དངོས་བདེ་འཇགས་ཐད་མི་ཚང་མར་འགན་འཁྲི་ཡོད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་ཧུར་ཐག་གཏོད་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།