[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་དང་འཇིག་རྟེན།
  • དགེ་བཤེས་ཀྱི་སློབ་གཉེར་ཁྱབ་ཁོངས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-11-26

    སྤྱིར་བོད་ཡུལ་དུ་གྲུབ་མཐའ་མང་པོ་ཡོད་པ་སོ་སོའི་སློབ་གཉེར་གྱི་ཁྱབ་ཁོངས་རྩ་བའི་སྟེང་མི་འདྲ་བ་མེད་ནའང་དགེ་ལུགས་པའི་གྲུབ་མཐའ་དར་རྗེས་སློབ་གཉེར་བྱེད་ལམ་ཡང་འཐུས་ཚང་དུ་གྱུར་ཡོད་པ་ནི། གཞུང་དོན་གྱི་ཟབ་ཁྱད་དང་ཕན་ཚུན་འབྲེལ་བར་ལྟོས་ཏེ་ཐོག་མར་གཞུང་གོང་མ་རྣམས་ལ་འཇུག་པའི་བློ་སྒོ་འབྱེད་ཆེད་བསྡུས་གྲྭ་ཆེ་འབྲིང་ཆུང་གསུམ་སོགས་རིགས་ལམ་བགྲོད་ཐབས་དང་ཚད་མ་རྣམ་འགྲེལ་བཅས་པར་སློབ་སྦྱོང་བྱེད་དགོས། རིམ་པ་བཞིན། ཕར་ཕྱིན་འཛིན་གྲྭར་ལོ་དྲུག་རིང《བྱམས་ཆོས་སྡེ་ལྔ》དང་།《ཕར་ཕྱིན་སྤྱི་དོན》《མཐའ་དཔྱོད》《དྲང་ངེས་ལེགས་བཤད་སྙིང་པོ》《འགྲེལ་པ་དོན་གསལ》གྲྭ་ཚང་སོ་སོའི་ཡིག་ཆ་སོགས་ལ་སྦྱངས་དགོས།  དབུ་མའི་འཛིན་གྲྭར་དབུ་མ་གསར་པ་དང་། དབུ་མ་རྙིང་པ། རྙིང་པའི་རྙིང་པ་བཅས་འཛིན་གྲྭ་སོ་སོར་སྡོད་རིང་གཙོ་བོ《དབུ་མ་འཇུག་པ》དང་།《རྩ་བ་ཤེས་རབ》《དགོངས་པ་རབ་གསལ》《ལྟ་ཁྲིད》《རིགས་ཚོགས་དྲུག》《དབུ་མའི་སྤྱི་དོན》《མཐའ་དཔྱོད》སོགས་གཞུང་ལ་སྦྱོང་དགོས། དེའི་རིང་མཚན་ཉིད་གཞུང་ལ་སྦྱངས་པ་མཐར་ཕྱིན་བྱེད་དང་མི་བྱེད་དབྱེ་མཚམས་ཀྱང་ཆོད་ཅིང་། མུ་མཐུད་མཚན་ཉིད་སྦྱོང་མཁན་རྣམས་འཛིན་གྲྭ་མཐའ་འཁྱོལ་རྗེས་མཛོད་ཀྱི་འཛིན་གྲྭ་ནས་ལོ་བཞིའི་རིང་སྦྱངས་པ་བྱས་ཏེ《མཛོད་རྩ་བ》དང《མཆིམས་མཛོད》གྲྭ་ཚང་སོ་སོའི་ཡིག་ཆ་ལ་སྦྱངས། དེའི་རྗེས་འདུལ་བའི་འཛིན་གྲྭར་ལོ་གསུམ་རིང《འདུལ་བའི་སྡོམ》དང་།《མདོ་རྩ་བ》《མཚོ་ཊིཀ་ཉི་མའི་འོད་ཟེར》ལ་སློབ་གཉེར་དང་གྲྭ་ཚང་སོ་སོའི་ཡིག་ཆ་སྦྱངས་དགོས་ཤིང་དེ་ལ་ཁྱོན་བསྡོམས་མི་ལོ་བཅུ་དགུ་ཙམ་དགོས་ཀྱི་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།