[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • བོད་དུ་བཙན་པོའི་དུས་སྐབས་ཀྱི་འབུར་བཟོའི་རྡོ་རིང་ཐོག་མར་རྙེད་པ་ལས་ནུབ་རྒྱུད་དུ་ནང་བསྟན་ཆོས་ལུགས་ལ་དད་པ་བྱེད་པ་ར་སྤྲོད་ཐུབ་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-12

     ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། “སྤུ་ཧྲེང་གི་སྤྱན་རས་གཟིགས་ཀྱི་རྡོ་རིང་ནི་བོད་ལྗོངས་མངའ་རིས་ས་ཁུལ་གྱི་ཁོངས་སུ་ད་བར་ཤེས་རྟོགས་ཐུབ་པའི་ལོ་རབས་སྔ་ཤོས་ཀྱི་རྡོ་རིང་ཞིག་ཡིན་ལ། ད་བར་ཉར་ཚགས་བྱས་པའི་བཙན་པོའི་དུས་སྐབས་ཀྱི་འབུར་བཟོའི་རྡོ་རིང་ཐོག་མ་དེའང་རེད”ཅེས་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ཤར་དགེ་དབང་འདུས་ཀྱིས་ཉིན་ཤས་གོང་ཀྲུང་གོ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད་པ་དང་། དེས་ནང་བསྟན་ཆོས་ལུགས་ལ་དད་པ་བྱེད་པ་དང་ཆོས་ལུགས་དར་སྤེལ་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་དེ་ས་ཁོངས་དེར་དར་བ་མཚོན་པ་དང་ཆབས་ཅིག བོད་ཀྱི་སྟོད་རྒྱུད་ཀྱི་མངའ་རིས་ཀྱི་ལོ་རྒྱུས་རིག་གནས་དང་ནང་བསྟན་ཆོས་ལུགས་ཀྱི་སྒྱུ་རྩལ་ཞིབ་འཇུག་ལ་དཔྱད་གཞིའི་རིན་ཐང་གལ་ཆེན་ལྡན་པ་ར་སྤྲོད་ཐུབ་ཡོད།

    སྤུ་ཧྲེང་གི་སྤྱན་རས་གཟིགས་ཀྱི་རྡོ་རིང་དེ་བོད་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་གྲོང་སྡེ་ཞིག་ཏུ་གནས་ཤིང་། ད་ལྟ་སྲུང་སྐྱོང་བྱེད་ས་བསྐྲུན་ཡོད་པ་དང་རྡོ་རིང་དེའི་མཐོ་ཚད་ལི་སྨི་210དང་། ཞེང་ཚད་ལི་སྨི་50 མཐུག་ཚད་ལི་སྨི་17ནས་18བར་བཅས་ཟིན་པ་དང་ངོས་སུ་ས་གནས་དེ་གའི་མི་སེར་གྱིས་ཆོས་མཇལ་ཞུ་སྐབས་མར་བྱུག་ཤུལ་ཡང་ཡོད།

    རྡོ་རིང་གི་མདུན་ངོས་སུ་ཕྱག་ན་པད་མ་སྤྱན་རས་གཟིགས་ཀྱི་ལྡེམ་སྐུའི་འབུར་བརྐོས་ཤིག་ཡོད་པ་དེའི་མཐོ་ཚད་ལ་སྨི་1.68ཡོད་པ་དང་། གཞོགས་གཉིས་སུ་གནའ་བོའི་བོད་ཡིག་འཁོད་ཡོད་པ་དེ་ནི་གནའ་བོའི་གཤོང་རྐོས་ཀྱི་བོད་ཡིག་ཡིན་པ་དང་། ཡིག་གཟུགས“དབུ་ཅན”རེད།

    ཤར་དགེ་དབང་འདུས་ཀྱིས་སྤྱན་རས་གཟིགས་ཀྱི་སྐུ་འདྲ་བཟོ་བའི་ཉམས་འགྱུར་ཧྲིལ་པོ་ཏུན་ཧོང་སྒྱུ་རྩལ་གྱི་བཙན་པོའི་གྲུབ་ཆ་དང་དྭགས་པོ་གྲྭ་ཚང་སོགས་ཀྱི་ཀ་སྨིར་གོམས་སྲོལ་ཟུང་འབྲེལ་བྱས་པ་འདྲ་པོ་ཡོད་པ་དེ་ལས་བཙན་པོའི་རྒྱལ་རབས་ཀྱི་དུས་མཇུག་ཏུ་བོད་ཀྱི་ནུབ་རྒྱུད་མངའ་རིས་སུ་ནང་བསྟན་ཆོས་ལུགས་ཀྱི་འབུར་བཟོའི་དྲན་གསོའི་རྡོ་རིང་ཐོན་འགོ་ཚུགས་པ་མཚོན་གྱི་ཡོད་ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།