[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • ར་མོ་ཆེ་དོ་དམ་ཨུ་ལྷན་གྱིས“ཚད་གཞི་བཞི་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”ཡིག་གཟུགས་འགྲན་བསྡུར་གཉེར་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-23

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ར་མོ་ཆེ་དོ་དམ་ཨུ་ལྷན་གྱིས་གྲྭ་པ་སྒྲིག་འཛུགས་བྱས་ནས“ཚད་གཞི་བཞི་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོའི་ལག་ལེན་བྱེད་སྒོའི་ཡིག་གཟུགས་འགྲན་བསྡུར་གཉེར་བར་གྲྭ་པ་50ལྷག་ཞུགས་པ་རེད།

    བྱེད་སྒོའི་ཁྲོད། ར་མོ་ཆེ་དོ་དམ་ཨུ་ལྷན་གྱིས་སློབ་གསོའི་ལག་ལེན་བྱེད་སྒོའི་སྤྱིའི་བླང་བྱ་དང་། བྱེད་སྒོའི་ནང་དོན། དམིགས་ཚད་ལས་འགན་སོགས་ལ་དམ་པོར་དམིགས་ནས་ཐེངས་འདིའི་ཡིག་གཟུགས་འགྲན་བསྡུར་བྱེད་སྒོའི་སྒྲིག་ལམ་དང་རང་འདེམས་ནང་དོན་བཀོད་སྒྲིག་འོས་འཚམ་དང་། འགྲན་བསྡུར་གྱི་བརྒྱུད་རིམ་ཧྲིལ་པོར་བསམ་ཚུལ་དང་། མྱོང་ཚོར། ཚོར་ཤེས་བཅས་འདྲེས་པར་བྱ་རྒྱུའི་བླང་བྱ་མཐའ་འཁྱོངས་བྱས་ནས། ཐེངས་འདིའི་ཡིག་གཟུགས་འགྲན་བསྡུར་གྱི་བརྗོད་བྱ་བརྗོད་དོན་གཙོ་བོ་དང་འཚམ་པ་དང་། ནང་དོན་འཚོ་བ་དང་ཉེ་བ། ལག་ལེན་གྱི་སྟོན་ཕྱོགས་ཁ་གསལ་བ། དངོས་ཕན་ཡུན་རིང་ཐོབ་པ་བཅས་ཀྱི་འགན་ལེན་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།