[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • “ཚད་གཞི་བཞི”རང་རྟོགས་ངང་ལག་ལེན་བྱས་ནས་ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན།

    ཆབ་མདོ་གྲོང་ཁྱེར་བྱམས་པ་གླིང་དགོན་གྱི་དཔེ་ཆའི་དགེ་རྒན། བློ་བཟང་རྒྱལ་མཚན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-01-04

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆོས་ལུགས་ལས་རིགས་ཀྱི་མི་སྣར་ཀུན་སྤྱོད་ཐད་དམངས་མགུ་བར་བྱེད་དགོས་པ་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེས་ང་ཚོར་སྒྲིག་བཀུར་ཁྲིམས་སྲུང་དང་ཀུན་སྤྱོད་བླ་ན་མེད་པའི་སྔོན་ཐོན་གྱི་གྲྭ་བཙུན་ཞིག་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད། “ཚད་གཞི་བཞིར་བརྩི་སྲུང་ཞུས་ཏེ་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་གྱི་བྱེད་སྒོ་སྤེལ་ཚུན། བྱམས་པ་གླིང་དགོན་པའི་དགེ་འདུན་པ་ཚོས་དང་ལེན་ཧུར་ཐག་ཞུས་པ་དང་། དགོན་པའི་ལས་སྒྲུབ་མི་སྣས་སྣེ་ཁྲིད་དེ་དཔེ་སྟོན་གྱི་ནུས་པ་བཏོན་པ། སྤྲུལ་སྐུ་རྫོང་ལོ་བྱམས་པ་མཁས་གྲུབ་སྐུ་ངོ་མས“ཚད་གཞི་བཞི”སྒྲོག་འགྲེལ་གྱི་འགན་བཞེས་ནས་ཏང་གི་མི་རིགས་ཆོས་ལུགས་ཀྱི་སྲིད་ཇུས་དང་། བསྟན་དོན་འདུལ་ཁྲིམས་ལ་གཞིགས་པ་དང་། བོད་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་གཞིགས་པ། དེ་བཞིན་རང་ངོ་མའི་མྱོང་བ་དངོས་བཅས་ལ་བརྟེན་ནས“ཚད་གཞི་བཞི”སྒྲོག་འགྲེལ་བྱས་ཡོད། རྒྱ་ཆེའི་དགེ་འདུན་པ་ཚོས་རང་འགུལ་ངང་མྱོང་གོམས་འབྲི་བ་དང་སློབ་སྦྱོང་གི་མྱོང་ཚོར་ལྷུག་པོར་གླེང་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ཆབ་སྲིད་ཐོག་གི་ལོག་སྤྱོད་རང་བཞིན་དང་། ཆོས་ལུགས་ཐོག་གི་གཡོ་རྫུས་རང་བཞིན། བྱ་ཐབས་ཐོག་གི་མགོ་སྐོར་རང་བཞིན་བཅས་ལ་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱས་ཡོད། སློབ་གསོ་ལག་ལེན་གྱི་བྱེད་སྒོ་བརྒྱུད། རྒྱ་ཆེའི་དགེ་འདུན་པ་ཚོར་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་སྲུང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལ་བརྩི་སྲུང་བཅས་མཐའ་གཅིག་ཏུ་ཞུས་ཚེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ཁྲོད་གཞི་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོང་བའི་ངོས་འཛིན་གཏིང་ཟབ་བྱུང་ཡོད། “ཚད་གཞི་བཞིའི”སློབ་གསོ་ལག་ལེན་བྱེད་སྒོ་བརྒྱུད། དགོན་པའི་དགེ་འདུན་པ་ཚོས་གཏམ་སྤྱོད་གང་རུང་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ལྷག་བསམ་རྣམ་དག་དང་། གོང་བཀུར། ཡིད་ཆེས། སྲུང་སྐྱོང་བཅས་མཐའ་གཅིག་ཏུ་ཞུ་རྒྱུའི་བསམ་པ་གཅིག་མཇུག་གཉིས་མཐུད་ངང་མཚོན་པར་བྱས་ཡོད།

    ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་གཅེས་སེམས་ཟབ་མོའི་འོག་འཚར་ལོངས་བྱུང་བའི་དགེ་འདུན་པ་དཀྱུས་མ་ཞིག་ཡིན་པའི་ངོས་ནས་བརྗོད་ན། གུང་ཁྲན་ཏང་ཁོ་ནས་བོད་མི་དམངས་ཀྱི་སྣེ་ཁྲིད་དེ་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་ཐུབ་པ་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྒྱུན་གཏན་སྒྲིག་ལམ་དང་ཆོས་ལུགས་ལས་རིགས་མི་སྣའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཐུབ་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད། “རྒྱལ་ཁྲིམས་ནི་འདུལ་ཁྲིམས་ལས་ལྷག་པ་ཡོད” དགོན་སྡེ་དོ་དམ་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཡིན་པའི་ངོས་ནས་ངས་དགེ་འདུན་པ་ཚོར་རྟག་ཏུ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་སྲུང་བརྩི་ཞུ་དགོས་ལུགས་བརྗོད་ཀྱི་ཡོད། ལུས་ལ་ཆོས་གོས་གྱོན་པའི་ང་ཚོས་དམིགས་བསལ་ཐོབ་ཐང་དགོས་པའི་རེ་བ་འདོན་མི་རུང་བར་དེ་ལས་ལྡོག་སྟེ་སྤྱི་ཚོགས་ཀྱི་འགན་འཁྲི་དེ་བས་མང་བ་ཕྲག་ཐོག་ཏུ་འཁུར་ནས་དགེ་འདུན་པ་ཞིག་གི་སྤྱོད་ཚུལ་བཟང་པོ་མངོན་པར་བྱ་རྒྱུ་ཡིན། སླད་ཕྱིན་ངས་དཔེ་བཟང་དཔེ་སྟོན་གྱི་ནུས་པ་སྔར་བས་འདོན་སྤེལ་བྱས་ནས“ནང་ཆོས་སློབ་གཉེར་བྱེད་ཀྱིན་རྒྱལ་གཅེས་རྒྱལ་དར་བྱེད་པ་དང་། སྒོམ་སྒྲུབ་བྱེད་ཀྱིན་འབངས་ལ་བདེ་བ་སྐྲུན་རྒྱུ་མ་བརྗེད་པ་བྱེད་པའི”རྒྱལ་གཅེས་ཆོས་གཅེས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ནས་ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་དགའ་ཞེན་བྱེད་པའི་བྱ་བ་མང་ཙམ་སྒྲུབ་པ་དང་། འགྲོ་དྲུག་སེམས་ཅན་ལ་ཕན་པའི་བྱ་བ་མང་ཙམ་སྒྲུབ་པ། གཏམ་སྤྱོད་ལ་བརྟེན་ནས་གྲྭ་དམངས་ལ་ཁྲིམས་སྲུང་དང་ཚུལ་ཁྲིམས་སྲུང་བའི་སློབ་གསོ་གཏོང་བ། ཏང་དང་སྲིད་གཞུང་གི་དོ་དམ་དང་ལེན་ཞུ་བ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྒྱུན་གཏན་སྒྲིམ་ལམ་སྲུང་སྐྱོང་དང་སྐྱོན་བྲལ་གོང་འཕེལ་ཡོང་བར་བྱེད་པ། རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བཅས་བྱས་ནས་རྒྱལ་གཅེས་ཆོས་གཅེས་དང་སྒྲིག་བཀུར་ཁྲིམས་སྲུང་གི་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་བཀའ་དྲིན་འཇལ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།