[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • ཆུ་ཤུར་རྫོང་ཤུག་གསེབ་དགོན་སྡེ་དོ་དམ་ཨུ་ལྷན་གྱིས་བཙུན་མའི་ཁྲོད་རྒྱལ་གཅེས་ཆོས་གཅེས་དང་སྡོམ་སྲུང་ཁྲིམས་སྲུང་བྱེད་པའི་ཁྲིད་སྟོན་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-03-14

    ཉིན་ཤས་གོང་། ཆུ་ཤུར་རྫོང་ཤུག་གསེབ་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པས་གངས་རི་ཐོད་དཀར་དང་ཤར་གཟིམ་ཕུག་ཏུ་བསྐྱོད་དེ“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    དྲིལ་བསྒྲགས་བྱེད་སྒོའི་ནང་ཤུག་གསེབ་དགོན་སྡེ་དོ་དམ་ཨུ་ལྷན་དྲིལ་བསྒྲགས་སློབ་གསོ་ཁོའོ་ཡི་ཁོའོ་ཀྲང་མིག་དམར་ཚེ་རིང་གིས“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་གནད་བསྡུས་གཞིར་བཟུང་བ་དང་འབྲེལ། དགོན་སྡེའི་མིག་སྔའི་ལས་དོན་དང་ཟུང་འབྲེལ་བྱས་ནས“གང་འདྲ་བྱས་ཏེ་ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་ནུས་པ་ཐོན་པ”བཅས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་བཙུན་མ་ཡག་པོ་ཞིག་བྱེད་པའི་ནང་དོན་གཏིང་ཟབ་ལ་ཞིབ་ཅིང་ཕྲ་བའི་སྒོ་ནས་འགྲེལ་བཤད་བརྒྱབ་པ་རེད།

    དེ་དང་ཆབས་ཅིག་ཤུག་གསེབ་དགོན་སྡེ་དོ་དམ་ཨུ་ལྷན་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཀྲུའུ་རེན་པ་སངས་ཚེ་རིང་གིས་ད་དུང་དོན་དངོས་ཀྱི་དཔེ་དྲངས་ནས་རྒྱ་ཆེའི་བཙུན་མ་ཚོར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་ཡོད་པ་ལས་རྒྱ་ཆེའི་བཙུན་མ་ཚོའི་ཐོས་བསམ་སྒོམ་གསུམ་དང་འཚོ་བའི་ཁོར་ཡུག་གཞི་ནས་ལེགས་སུ་ཆེན་པོ་ཕྱིན་པའི་སྐོར་བརྗོད་པ་མ་ཟད། རྒྱ་ཆེའི་བཙུན་མ་ཚོས་ཏང་གི་བཀའ་དྲིན་མི་བརྗེད་པར་སེམས་གཏིང་ནས་ཏང་གི་བཀའ་དྲིན་དྲན་པ་དང་ཏང་གི་འགོ་ཁྲིད་ལ་བརྩི་སྲུང་ཞུ་དགོས་པའི་བླང་བྱ་བཏོན་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།