[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • གྲྭ་བཙུན་ཁྲི་གསུམ་ལྷག་ཙམ་བཅའ་ཁྲིམས་ཤེས་བྱའི་རྒྱུགས་ལེན་ལ་ཞུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-09

    zengfg93231.jpg

    འདི་ནི་འབྲས་སྤུངས་དགོན་གྱི་རྒྱུགས་ར་ཡིན་པ།

    རྒྱ་ཆེའི་གྲྭ་བཙུན་གྱི་བཅའ་ཁྲིམས་ཤེས་བྱའི་ཆུ་ཚད་མཐོ་རུ་དང་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་ཆེད། ཉེ་ཆར། རང་ལྗོངས་ཀྱིས་ཆོས་ལུགས་ལས་རིགས་མི་སྣར་བཅའ་ཁྲིམས་ཤེས་བྱའི་རྒྱུགས་ལེན་བྱེད་སྒོ་སྤེལ་བ་རེད།

    ད་རེས་ཀྱི་རྒྱུགས་ལེན་གྱི་ནང་དོན་ལ་རྩ་ཁྲིམས་དང་། རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས། འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས། གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས། ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས། དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས། ཆོས་ལུགས་ལས་དོན་སྲོལ་ཡིག་སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ཡོད་པ་རེད། རྒྱུགས་ལེན་སྟངས་ཐད་བོད་སྐད་ཡིག་ནས་ཁ་རྒྱུགས་དང་ཡིག་རྒྱུགས་ཟུང་འབྲེལ་གྱི་རྣམ་པ་སྤྱད་ཡོད་པ་རེད།

    རགས་རྩིས་ལྟར་ན། ད་ཐེངས་ཀྱི་རྒྱུགས་ལེན་ལ་རང་ལྗོངས་ཀྱི་གྲྭ་བཙུན་30000ལྷག་ཙམ་ཞུགས་ཡོད་ཅིང་། རྒྱུགས་ལེན་བརྒྱུད། རང་ལྗོངས་ཀྱི་ཆོས་ལུགས་ལས་རིགས་མི་སྣའི་བཅའ་ཁྲིམས་ཀྱི་བྱང་ཚད་སྔར་བས་མཐོ་རུ་དང་ཁྲིམས་སྐྱོང་གི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་པ་མ་ཟད། རྒྱ་ཆེའི་གྲྭ་བཙུན་གྱི“རྒྱལ་ཁྲིམས་ནི་ཆོས་ཁྲིམས་ལས་ལྷག་པ་དང་འདུལ་ཁྲིམས་སྲུང་བའི་སྔོན་ལ་བཅའ་ཁྲིམས་སྲུང་དགོས་པའི”འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ནས་རང་ལྗོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ལ་ཁྲིམས་སྐྱོང་གི་རྣམ་པ་བཟང་པོ་ཞིག་གཏོད་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།