[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • གོང་དཀར་རྫོང་གིས“ཚད་གཞི་བཞི་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད”ཅེས་པའི་རྫོང་རིམ་པའི་སྐོར་སྐྱོད་སྒྲོག་འགྲེལ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-10

    གོང་དཀར་རྫོང་གིས་ཆོས་ལུགས་ཁྱབ་ཁོངས་སུ“ཚད་གཞི་བཞི་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད”ཅེས་པའི་སློབ་གསོ་ལག་ལེན་བྱེད་སྒོར་སྐུལ་འདེད་གཏིང་ཟབ་བཏང་ནས“འདུ་ཤེས་བཞི”སྔར་བས་ཟབ་ཏུ་གཏོང་བ་དང“མོས་སེམས་ལྔ”ཆེ་རུ་གཏོང་ཆེད། གོང་དཀར་རྫོང་གིས་2019ལོའི་དུས་མཚམས་དང་པོའི་རྫོང་རིམ་པའི་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་སྤེལ་ནས་ཆོས་ལུགས་ཁྱབ་ཁོངས་ཀྱི་སློབ་སྦྱོང་སློབ་གསོའི་ལག་ལེན་བྱེད་སྒོ་རབ་དང་རིམ་པ་རྒྱུན་རྣམ་ཅན་དང་རང་འགུལ་ཅན་དུ་གྱུར་བར་བྱས་ཡོད།

    སྒྲོག་འགྲེལ་བརྒྱུད་རྒྱ་ཆེའི་གྲྭ་བཙུན་ཚོས“ཚད་གཞི་བཞི་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད”ཅེས་པའི་སློབ་གསོ་ལག་ལེན་བྱེད་སྒོར་ངོས་འཛིན་གསར་པ་བྱུང་སྟེ་རང་དཔེ་གཞན་སྟོན་གྱི་ཐོག་ནས་བྱེད་སྒོ་རབ་དང་རིམ་པའི་ནང་ཧུར་ཐག་ཞུགས་ཏེ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་ལ་གཅེས་སྤྲས་བཅས་བྱས་ཏེ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་རྒྱུ་ཡིན་ཞེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།