[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • བོད་ཀྱི་དགོན་སྡེ་དོ་དམ་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ།

    ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ། ཆེ་དགྲ་ལྷ་དང་། ཏིང་ཡེ་ཤན། ཀྲོང་ཡན་བཅས་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-02

    ཚེས་28ཉིན་ལྗོངས་ཡོངས་ཀྱི་དགོན་སྡེ་དོ་དམ་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། དགོན་སྡེ་དོ་དམ་ལས་དོན་ཡག་པོ་སྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། “ཁྲིད་སྟོན་གྱི་ཐད”འབད་བརྩོན་ཧུར་ཐག་བྱེད་པ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་བ། ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་བཅས་བྱས་ཏེ་དུས་རབས་གསར་པར་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།

    ཆེ་དགྲ་ལྷ་དང་། ཏིང་ཡེ་ཤན། ཀྲོང་ཡན། ནོར་བུ་དོན་གྲུབ། ཅང་ཅེ། སྤེན་པ་བཀྲ་ཤིས། ཧོ་ཝུན་ཧའོ། པད་མ་དབང་འདུས། ལིའུ་ཅང་། ཝང་ཝུའེ་ཏུང་། ཁྲེན་ཡུང་ཆི་བཅས་ཚོགས་འདུར་ཞུགས་པ་རེད། བསྟན་ཁོས་ལྗོངས་ཡོངས་ཀྱི་དགོན་སྡེ་དོ་དམ་ལས་དོན་སྒྲུབ་ཚུལ་བརྡ་ཁྱབ་བཏང་གནང་བ་དང་འབྲེལ《དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར(བསམ་འཆར་བསྡུ་ལེན་མ་ཟིན)》ཐད་གསལ་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་གྲོང་ཨུད་དང་ས་ཨུད་བདུན་གྱི་ཧྲུའུ་ཅི་དང་གཙོ་གནད་དགོན་སྡེ་དོ་དམ་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་ཁག་གཅིག་གིས་བཏོན་པའི་མིག་སྔའི་དགོན་སྡེ་དོ་དམ་ལས་དོན་ཐད་གནས་པའི་དཀའ་ངལ་དང་། གནད་དོན། གྲོས་འགོ་བཅས་གསན་ཞིང་། ཝུའུ་དབྱིང་ཅེས་གསན་གྱིན་དུ་ཟིན་ཐོ་འགོད་པ་དང་། སྐད་ཆ་འདྲི་བ། འབྲེལ་ཡོད་ལས་དོན་གྱི་བླང་བྱ་ཁ་གསལ་བཏོན་པ་བཅས་གནང་བ་རེད།

    ཝུའུ་དབྱིང་ཅེས་གསུངས་དོན། ཏང་ཀྲུང་དབྱང་གིས་བོད་ཀྱི་ཆོས་ལུགས་དང་དགོན་སྡེའི་ལས་དོན་ལ་སྔར་ནས་ཚད་མཐོའི་མཐོང་ཆེན་གནང་བ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་སྤྱི་ཁྱབ་ཧྲུའུ་ཅིས་ཆོས་ལུགས་ལས་དོན་ལ་སྔ་རྗེས་སུ་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས་དགོན་སྡེ་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པའི་ཐད་ཁ་ཕྱོགས་གསལ་སྟོན་གནང་བ་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་སྐབས་རིམ་བྱུང་གི་རང་སྐྱོང་ལྗོངས་ཏང་ཨུད་ཚན་ཁག་གིས་བཏིང་པའི་ལས་ཀའི་རྨང་གཞི་བཟང་པོའི་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཚོགས་རྒྱུན་མཐུད་ངང་ཞི་མཐུན་བརྟན་ལྷིང་ཡོང་བའི“གནད་འགག”ཡིན་པའི་དགོན་སྡེ་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་དེར་དམ་འཛིན་ཧུར་ཐག་བྱས་ནས་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ་དང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་སྤྱད་དེ་བཟོས་པའི་ཤུགས་རྐྱེན་ངན་པ་དར་ཆ་གསལ་སྟོན་གྱིས་སེལ་བ། མང་ཚོགས་ཀྱིས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་རྒྱུའི་སློབ་གསོ་ཁྲིད་སྟོན་བྱེད་པ། ཚེ་འདིའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་བ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་གནང་སྟེ་ལས་ཀའི་བྱ་ཐབས་རབ་དང་རིམ་པ་ཁ་གསལ་བཏོན་པ་དང་། སྲིད་གཞུང་གིས་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་སོང་བ། རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱིས་ཁྲིམས་ལྟར་དོ་དམ་དང་ལེན་བྱེད་པའི་འདུ་ཤེས་ཀྱང་མངོན་གསལ་དོད་པོས་ཟབ་ཏུ་སོང་ནས་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་ཡོད། གཞན་ཡང་ཝུའུ་དབྱིང་ཅེས་ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་དགོན་སྡེ་དོ་དམ་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་འབྲེལ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་རིམ་པ་ཁག་དང་སྡེ་ཚན་ཁག་དང་། རིམ་ཁག་དགོན་སྡེ་དོ་དམ་སྒྲིག་གཞི། རྒྱ་ཆེའི་དགོན་སྡོད་ལས་བྱེད་པ་བཅས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་དང་བླ་ན་མེད་པའི་གུས་འདུད་ཞུས་པ་མ་ཟད། ད་དུང་དགོན་སྡོད་ལས་བྱེད་པའི་ནང་མིར་བྱམས་བརྩེའི་ངང་འཚམས་འདྲི་ཡང་གནང་བ་རེད།

    ཝུའུ་དབྱིང་ཅེས་ནན་བཤད་གནང་དོན། ང་ཚོས་གྲུབ་འབྲས་མཐོང་བ་དང་དུས་མཚུངས་མིག་སྔར་རང་ལྗོངས་ཀྱི་དགོན་སྡེ་དོ་དམ་ལས་དོན་ལ་དཀའ་ངལ་དང་གནད་དོན་མི་ཉུང་བ་ཞིག་གནས་ཡོད་པ་དང་། ལྷག་པར་དུ་ཛ་དྲག་ལ་རྙོག་འཛིང་ཆེ་བའི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་མདུན་དུ། ང་ཚོས་ངེས་པར་དུ་དགོན་སྡེ་དོ་དམ་ལ་སྔར་བས་ཤུགས་སྣོན་དང་གསར་གཏོད་བྱས་ནས་དགོན་སྡེ་དོ་དམ་གྱི་འགོ་ཁྲིད་དབང་ཆར་སྟངས་འཛིན་ནན་པོ་བྱེད་དགོས་པ་ངོས་འཛིན་གསལ་པོ་ཐུབ་དགོས། རིམ་པ་ཁག་དང་སྡེ་ཚན་ཁག རིམ་ཁག་དགོན་སྡེ་དོ་དམ་སྒྲིག་གཞི། རྒྱ་ཆེའི་དགོན་སྡོད་ལས་བྱེད་པ་བཅས་ཀྱིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་དགོན་སྡེ་དོ་དམ་གྱི་ལས་དོན་ཡག་པོ་སྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ནས་དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་དང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ཏན་ཏིག་འཁུར་བ་དང་། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དང་སྔར་བས་གཅིག་གྱུར་ཡོང་བ། ཆོས་ལུགས་ཀྱི་ལས་དོན་ཁྲིམས་ལྟར་དོ་དམ་བྱེད་པའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་བ། ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་བྱེད་པ་བཅས་ལ་བརྟེན་ནས་དུས་རབས་གསར་པར་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

    གཅིག་ནས་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱེད་དགོས། ཆབ་སྲིད་ལ་སྣང་ཆེན་བྱེད་པ་དགོན་སྡེ་དོ་དམ་ལ་ཤུགས་སྣོན་རྒྱག་པའི་ཞིབ་ཕྲའི་ལས་དོན་ཁྲོད་མངོན་པར་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱེད་པ། ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་འཁྱོལ་ཡག་པོ་བཅས་བྱེད་དགོས། རྒྱ་ཆེའི་གྲྭ་བཙུན་གྱི་སྒོམ་སྒྲུབ་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་དད་ལྡན་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པའི་གསོན་ཉམས་དོད་པའི་དོན་དངོས་སྤྱད་དེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ཐུགས་ཁུར་དང་བྱམས་སྐྱོང་གནང་ལུགས་དྲིལ་བསྒྲགས་བྱེད་པ་དང་། རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་གཙོ་འཛིན་ལ་གུས་བཀུར་དང་། གཙོ་འཛིན་ལ་དགའ་ཞེན། དུས་དང་རྣམ་པ་ཀུན་ཏུ་ཏང་གི་བཀའ་དྲིན་དྲན་པ། རང་འགུལ་ངང་ཏང་གི་བཀའ་ལ་ཉན་པ། ནམ་ཡང་ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་སློབ་གསོ་གཏོང་དགོས། དགོན་སྡོད་ཏང་ཡོན་ལས་བྱེད་པས་དུས་དང་རྣམ་པ་ཀུན་ཏུ་ཏང་ཡོན་གྱི་ཐོབ་ཐང་བློ་ལ་བརྟན་པོར་ངེས་ཤིང་། དད་སེམས་དང་དམིགས་ཡུལ་བློ་ལ་བརྟན་པོར་ངེས་ནས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བ་བརྒྱུད། མར་ཁེ་སི་རིང་ལུགས་ཀྱི་ལྷ་མེད་སྨྲ་བ་བརྟན་པོ་ཞིག་བྱེད་དགོས།

    གཉིས་ནས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་མཐའ་འཁྱོངས་བྱེད་དགོས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་གཙོ་རྐང་འདིར་དམ་པོར་དམིགས་ནས་སྔ་ཕྱི་བར་གསུམ་དུ་བརྟན་ལྷིང་གཙོ་བོར་བྱེད་རྒྱུ་མཐའ་འཁྱོངས་དང་། སྔོན་གཏན་འཁེལ་བའི་བརྟན་ལྷིང་སྲུང་སྐྱོང་གི་བཀོད་སྒྲིག་དོན་འཁྱོལ་ལ་དམ་འཛིན། རིམ་པ་ཁག་དང་སྡེ་ཚན་ཁག དགོན་སྡེའི་གྲྭ་བཙུན། ཆོས་ལུགས་ལས་རིགས་ཀྱི་འཐུས་མི་བཅས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ནས་དགོན་སྡེའི་ཞི་མཐུན་བརྟན་ལྷིང་འགན་ལེན་བྱེད་དགོས། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱས་ནས་དགོན་སྡེའི་གྲྭ་བཙུན་ལ་བདེན་ཡོད་སྤོབས་ཆེའི་སྒོ་ནས་བོད་ནི་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ལུགས་དྲིལ་བསྒྲགས་དང་། བདེན་ཡོད་སྤོབས་ཆེའི་སྒོ་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་བོད་ཕུང་ཆོས་གནོད་ཀྱི་ལོག་སྤྱོད་ཀྱི་ངོ་བོར་ཐེར་འདོན་དགག་རྒྱག བདེན་ཡོད་སྤོབས་ཆེའི་སྒོ་ནས་ཀྲུང་ཧྭའི་རིག་གནས་ནི་སྔ་ཕྱི་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་བརྩེ་སེམས་འཆང་ས་དང་། བསམ་གྱི་རྟེན་ས། བསམ་པའི་ཁྱིམ་གཞིས་ཡིན་ཞིང་། བོད་ཀྱི་མི་རིགས་ཁག་གི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དྲིལ་བསྒྲགས། བདེན་ཡོད་སྤོབས་ཆེའི་སྒོ་ནས་མང་ཚོགས་ལ་ཆོས་ལུགས་ཐད་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་རྒྱུའི་སློབ་གསོ་ཁྲིད་སྟོན་བཅས་བྱས་ནས་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་བསྐྱལ་ཏེ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱིས་ཆོས་ལུགས་སྤྱད་དེ་བཟོས་པའི་ཤུགས་རྐྱེན་ངན་པ་རྒྱུན་ཆད་མེད་པར་སེལ་དགོས། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་དང་ཀྲུང་གོ་ནང་བསྟན་སློབ་གླིང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གྲྭ་བཙུན་དང་ལྷག་པར་དུ་བླ་མ་སྐྱེས་ཆེན་གྱིས་འདུལ་ཁྲིམས་དང་བསྟན་དོན་ལ་དེང་གི་ཀྲུང་གོའི་འཕེལ་རྒྱས་ཡར་རྒྱས་ཀྱི་བླང་བྱ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་འཚམ་པའི་འགྲེལ་པ་རྒྱག་རྒྱུའི་ཁྲིད་སྟོན་དང་དད་ལྡན་མང་ཚོགས་ལ་སྒྲིག་སྲོལ་རྙིང་པ་དང་གོམས་གཤིས་ངན་པ་འདོར་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་ནས་སྐྱོན་བྲལ་ཤེས་དཔལ་གྱི་འཚོ་བ་སྐྱེལ་སྟངས་དོན་གཉེར་བྱེད་དགོས། ཁྲིམས་སྐྱོང་གི་དྲིལ་བསྒྲགས་སློབ་གསོ་ཤུགས་ཆེན་སྤེལ་ནས་ཤུགས་སྣོན་ཆད་མེད་དང་སྙིང་རུས་བརྟན་འཁྱོངས་ཀྱིས་རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་ཁྲིམས་ལུགས་ཀྱི་འདུ་ཤེས་དང་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་དགོས་པ་དང་། རང་འགུལ་ངང་ཁྲིམས་སྐྱོང་ཁྲིམས་སྤྱོད་དང་སྒྲིག་བཀུར་ཁྲིམས་སྲུང་བྱེད་དགོས་པ། ཆོས་ལུགས་ཀྱི་བྱེད་སྒོ་ཁྲིམས་ལུགས་ཀྱི་སྒྲོམ་གཞིའི་ནང་སྤེལ་དགོས་པའི་སློབ་གསོ་རྒྱུན་ཆད་མེད་པར་གཏོང་དགོས།

    གསུམ་ནས་ཞབས་འདེགས་དང་དོ་དམ་གཅིག་གྱུར་མཐའ་འཁྱོངས་བྱེད་དགོས། བརྩེ་བ་བཅངས་ནས་ལས་དོན་སྒྲུབ་པ་དང་། ཆབ་སྲིད་ཐད་གྲྭ་བཙུན་དང་མཐུན་སྒྲིལ་དང་དད་པའི་ཐད་གྲྭ་བཙུན་ལ་བརྩི་འཇོག་མཐའ་འཁྱོངས། ཁོ་ཚོའི་བསམ་བློར་ཤེས་རྟོགས། ཁོ་ཚོར་སློབ་སྦྱོང་སྒོམ་སྒྲུབ་དང་འཚོ་བའི་ཐད་འཕྲད་པའི་དཀའ་ངལ་ཐག་གཅོད་བྱེད་རོགས་ཧུར་ཐག་བྱེད་པ། དོ་དམ་དང་ཞབས་ཞུའི་ལས་དོན་གཏིང་ཟབ་ལ་ཞིབ་ཅིང་ཕྲ་བའི་སྒོ་ནས་སྒྲུབ་པ་བཅས་བྱས་ཏེ། རྒྱ་ཆེའི་གྲྭ་བཙུན་ཚོར་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཏན་ཏིག་ཚོར་དུ་འཇུག་པ་དང་རྒྱ་ཆེའི་གྲྭ་བཙུན་ལ་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་ཏན་ཏིག་བྱེད་དུ་འཇུག་དགོས།

    བཞི་ནས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། རིམ་ཁག་ཏང་ཨུད་ཀྱིས་དགོན་སྡེ་དོ་དམ་གྱི་ལས་དོན་ཉིན་རེའི་གྲོས་རིམ་གལ་ཆེན་དུ་བཞག་ནས་དགོན་སྡེ་དོ་དམ་གྱི་ལས་དོན་སྤེལ་རིང་མངོན་གསལ་དོད་པའི་གནད་དོན་ལ་དུས་ཐོག་ཏུ་ཞིབ་འཇུག་བྱས་ཏེ་དགོན་སྡེ་དོ་དམ་ལས་དོན་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཏང་རྩ་འཛུགས་སྟོབས་ཆེར་བསྐྲུན་ནས་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཏང་རྩ་འཛུགས་ཀྱིས་གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ་དང་འགག་རྩའི་དུས་སུ་ནུས་པ་ཐོན་པའི་འགན་ལེན་བྱེད་དགོས། གསོ་སྦྱོང་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་དགོན་སྡོད་ལས་བྱེད་པ་སྒྲིག་འཛུགས་ཀྱིས་ཏང་གི་ཆོས་ལུགས་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་སློབ་སྦྱོང་དང་། བོད་བརྒྱུད་ནང་བསྟན་གྱི་འཕེལ་རྒྱས་ལོ་རྒྱུས་དང་། ལོ་རྒྱུས་ཀྱི་ངེས་སྲོལ། ཆོས་ལུགས་ཀྱི་ཆོ་ག་བཅས་སློབ་སྦྱོང་། བཅའ་སྡོད་དགོན་སྡེའི་ལོ་རྒྱུས་ཁོང་དུ་ཆུད་པ། དགོན་སྡོད་ལས་བྱེད་པའི་འཚར་ལོངས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཆོས་ལུགས་ལས་དོན་གྱི་རྒྱུས་མངའ་ཅན་དུ་འགྱུར་བར་བྱེད་དགོས། དགོན་སྡོད་ལས་བྱེད་པར་དོ་ཁུར་བྱས་ཏེ་ལྕག་སྐུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། དགོན་སྡོད་ལས་བྱེད་པའི་ཐོབ་ཐང་ཁག་དོན་འཁྱོལ་ཡག་པོ་བྱེད་པ། དགོན་སྡོད་ལས་བྱེད་པ་དང་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་དགོན་སྡོད་ལས་བྱེད་པའི་དཔུང་ཁག་གི་གསོན་ཤུགས་སྔར་བས་འཕེལ་བར་བྱེད་དགོས།

    ཝུའུ་དབྱིང་ཅེས་ནན་བཤད་གནང་དོན། ཆོས་དད་རང་མོས་ནི་རང་རེའི་ཏང་གིས་སྔ་བར་ཕྱི་གསུམ་དུ་མཐའ་འཁྱོངས་བྱེད་པའི་སྲིད་ཇུས་ཤིག་རེད། དུས་རབས་གསར་པར་རང་ལྗོངས་ཀྱི་དགོན་སྡེ་དོ་དམ་དང་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པར། ངེས་པར་དུ་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཁྲིད་སྟོན་གྱི་ཐད་མུ་མཐུད་འབད་བརྩོན་བྱེད་པ་དང་། དགོན་སྡེ་དོ་དམ་ཐད་གནས་པའི་འཕེལ་རྒྱས་ཀྱི་གནད་དོན་ལ་དམིགས་པ། གཅིག་ཤེས་ཀུན་གྲོལ། ཞིབ་འཇུག་ནན་ཏན་གྱིས་ཐག་གཅོད་ཧུར་ཐག་བཅས་བྱས་ནས། དུས་རབས་གསར་པའི་དགོན་སྡེ་དོ་དམ་གྱི་ནུས་པ་ཆེ་རུ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བ་བརྒྱུད་དུས་རབས་གསར་པར་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ཞབས་འདེགས་དེ་བས་ཡག་པོ་ཞུ་དགོས།

    ཚེས་28ཉིན་གྱི་ཕྱི་དྲོར། ཚོགས་ཞུགས་མི་སྣས་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་གསུང་བཤད་དང《དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་དོན་ལ་སྔར་བས་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར(བསམ་འཆར་བསྡུ་ལེན་མ་ཟིན)》ལ་དམིགས་ནས་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་བསྡུར་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།