[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • ཀྲུང་གོ་ཆོས་ལུགས་ལས་རིགས་ཞི་བདེ་ཨུ་ལྷན་གྱི་སྐབས་ལྔ་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་འཚོགས་པ།

    དབང་དབྱང་གིས་ཚོགས་ཞུགས་མི་སྣར་མཇལ་འཕྲད་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ། དབང་དབྱང་གིས་ཚོགས་ཞུགས་མི་སྣར་མཇལ་འཕྲད་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ། དབང་དབྱང་གིས་ཚོགས་ཞུགས་མི་སྣར་མཇལ་འཕྲད་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ། དབང་དབྱང་གིས་ཚོགས་ཞུགས་མི་སྣར་མཇལ་འཕྲད་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ། དབང་དབྱང་གིས་ཚོགས་ཞུགས་མི་སྣར་མཇལ་འཕྲད་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-05

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཚེས་3ཉིན་ཀྲུང་གོ་ཆོས་ལུགས་ལས་རིགས་ཞི་བདེ་ཨུ་ལྷན(“ཀྲུང་ཆོས་ཞི་བདེ”ཞེས་བསྡུ་རྒྱུ)སྐབས་ལྔ་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་པེ་ཅིང་དུ་འཚོགས་པ་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་ཚོགས་ཞུགས་མི་སྣར་མཇལ་འཕྲད་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    དབང་དབྱང་གིས་ཚོགས་འདུ་ལེགས་གྲུབ་ལྡན་པའི་ངང་འཚོགས་པ་དང་བདམས་ཐོན་བྱུང་བའི“ཀྲུང་ཆོས་ཞི་བདེའི”སྐབས་གསར་པའི་འགོ་ཁྲིད་ཚན་ཁག་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། ཁོང་གིས་འདས་ཟིན་པའི་ལོ་ལྔའི་རིང“ཀྲུང་ཆོས་ཞི་བདེ”ཡིས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་ལས་དོན་གྱི་སྤྱི་ཡོངས་ལ་གཞོགས་འདེགས་བྱེད་པ་དང“མཛའ་གྲོགས་དང་། ཞི་བདེ། འཕེལ་རྒྱས། མཉམ་ལས”བཅས་ཀྱི་དགོངས་དོན་ལ་བརྩི་སྲུང་ཞུས་ཏེ་རང་རྒྱལ་གྱི་ཆོས་དད་རང་མོས་ཀྱི་དངོས་ཡོད་གནས་ཚུལ་རང་འགུལ་ངང་དྲིལ་བསྒྲགས་དང་འོས་སྦྱོར་ཧུར་ཐག་བྱས་ཐོག་རང་རྒྱལ་གྱི་འཕེལ་རྒྱས་ལ་ཕན་འདོགས་པའི་ཕྱི་ཕྱོགས་ཁོར་ཡུག་བཟང་པོ་གཏོད་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། “ཀྲུང་ཆོས་ཞི་བདེ”དེ་ཉིད་རང་རྒྱལ་གྱི་ཆོས་ལུགས་སྲིད་ཇུས་དྲིལ་བསྒྲགས་འོས་སྦྱོར་བྱེད་པའི་སྐར་ཁུང་གལ་ཆེན་དུ་གྱུར་བ་དང་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཕྱི་ཕྱོགས་འགྲོ་འོང་སྤེལ་རེས་བྱེད་པའི་ལས་སྟེགས་གལ་ཆེན་དུ་གྱུར་ཡོད་ཅེས་བསྟན་གནང་བ་རེད།

    དབང་དབྱང་གིས་ནན་བཤད་གནང་དོན། སྐབས་གསར་པའི“ཀྲུང་ཆོས་ཞི་བདེར”དུས་རབས་གསར་པར་རྣམ་པ་གསར་པ་ཡོད་དགོས་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་དེ་བས་ལེགས་པའི་སྒོ་ནས་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། རྒྱལ་སྤྱིའི་ཐོག་ཆོས་ལུགས་ཀྱི་ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཆོས་ལུགས་ཀྱི་སྲིད་ཇུས་ཁོང་དུ་ཆུད་པ་དང་ཡོན་ཚད་དང་བྱང་ཚད་མཐོ་རུ་བཏང་སྟེ་ཕྱི་རྒྱལ་བས་གོ་ཐུབ་པའི་སྐད་ཆ་དང་དང་ལེན་བྱེད་བདེ་བའི་བྱེད་ཐབས་ལ་བརྟེན་ནས་ཀྲུང་གོའི་གཏམ་རྒྱུད་ཡག་པོ་བཤད་དེ་རྒྱལ་སྤྱིའི་ཐོག་གི་ཀྲུང་གོའི་ཆོས་ལུགས་གཏོགས་ཁོངས་ཀྱི་སྐད་ཆ་ཤོད་དབང་ཆེ་རུ་གཏོང་དགོས། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་ཀྱིས“ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་སྐུ་ཡོན་ཆེ་བ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་སུ་ནུས་པ་ཐོན་ཐུབ་པ”བཅས་ཀྱི་བླང་བྱ་གཞིར་བཟུང་ཉམས་སད་ཐེག་ཐུབ་པའི་ཆོས་ལུགས་གཏོགས་ཁོངས་ཀྱི་ཤེས་ལྡན་པའི་དཔུང་ཁག་ཅིག་སྐྱེད་སྲིང་བྱས་ཐོག་འཛམ་གླིང་ཞི་བདེར་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་པར་སྐུལ་འདེད་གཏོང་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་པ་བཅས་རེད།

    ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཡིའུ་ཆོན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཆེ་གཅིག་ལྕོགས་ཤ་པའོ་ལུང་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པ་ཐེར་མཇལ་འཕྲད་ནང་ཞུཌ་པ་རེད།

    “ཀྲུང་ཆོས་ཞི་བདེའི”སྐབས་ལྔ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ“ཀྲུང་ཆོས་ཞི་བདེའི”སྐབས་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་མུ་མཐུད་སྐབས་གསར་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་དང་འབྲེལ་ཡིག་ཐོག་གསུང་བཤད་གནང་བ་རེད།

    ཤ་པའོ་ལུང་གིས་ཚོགས་འདུར་ཞུཌ་སྐབས་གསུངས་དོན། “ཀྲུང་ཆོས་ཞི་བདེའི”སྐབས་གསར་པའི་འགོ་ཁྲིད་ཚན་ཁག་དང་ཨུ་ཡོན་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་རྒྱལ་ཁབ་ལ་དགའ་ཞེན་དང་བདེན་དོན་རྟོགས་པར་བྱས་ནས་རང་རྒྱལ་གྱི་ཆོས་ལུགས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཁྲིམས་སྲོལ་སྲུང་བ་དང་ཞི་མཐུན་ལ་སྐུལ་འདེད་བཏང་ནས་རང་རྒྱལ་ཆོས་ལུཌ་ཀྱི་ཀྲུང་གོ་ཅན་གྱི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། འཐབ་རྩོད་བྱེད་ཕོད་པ་དང་མཐའ་ཚད་བསྲུངས་ཏེ་ཆོས་ལུགས་ལ་ཁ་གཡར་ནས་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་འཚེ་བཟོ་བའི་བྱེད་སྤྱོད་མཐའ་དག་བཀག་འགོག་མཐའ་གཅིག་ཏུ་བྱེད་པ། བློ་སྦྱོང་ལ་སྣང་ཆེན་དང་མིག་དཔེ་བཏོན་ནས་རང་རྒྱལ་གྱི་ཆོས་ལུགས་གཏོགས་ཁོངས་ཀྱི་སྤྱི་ཚོགས་གཟུགས་བརྙན་བཟང་པོ་གཏོད་པ། འགན་འཁྲི་ཁུར་བ་དང་བྱས་རྗེས་འཇོག་ཐུབ་པ་བྱས་ཏེ“ཀྲུང་ཆོས་ཞི་བདེའི”རྒྱལ་སྤྱིའི་ཐོག་གི་ཤུགས་རྐྱེན་ཐེབས་ཤུགས་ཟམ་མི་ཆད་པར་སྲ་བརྟན་དང་རྒྱ་ཆེར་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

    ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ཕྱི་ཕྱོགས་འབྲེལ་གཏུག་པུའུ། ཕྱི་འབྲེལ་པུའུ། དམངས་སྲིད་པུའུ་སོགས་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་པ་རེད།

    ཀྲུང་གོ་ཆོས་ཕྱོགས་ཞི་བདེ་ཨུ་ལྷན་ནི་1994ལོའི་ཟླ་7པར་རང་རྒྱལ་གྱི་གྲགས་ཅན་ཆོས་ལུགས་གཏོགས་ཁོངས་ཀྱི་མི་སྣ་ཀྲའོ་ཕེའོ་ཁྲུའུ་དང་ཏིང་ཀོན་ཤུན་གྱིས་བཙུགས་པ་དང་གཙོ་བོ་ཀྲུང་གོ་ནང་བསྟན་དང་། ཏའོ་ཅའོ་ཆོས་ལུགས། དབྱི་སི་ལམ་ཆོས་ལུགས། གནམ་བདག་ཆོས་ལུགས། ཡེ་ཤུའི་ཆོས་ལུགས་བཅས་ཀྱི་མཚོན་བྱེད་རང་བཞིན་གྱི་མི་སྣ་ལས་གྲུབ་ཅིང་། “ཀྲུང་ཆོས་ཞི་བདེའི”སྐབས་ལྔ་པའི་ཨུ་ཡོན་ལྷན་ཁང་ལ་ཁྱོན་མི་127ཡོད་པའི་ནང་ཆོས་ལུགས་གཏོགས་ཁོངས་ཀྱི་མི་སྣ་117ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།