[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པར་དགེ་བཤེས་ལྷ་རམས་པའི་མཚན་གནས་སྤྲོད་པའི་དབྱར་དུས་ཀྱི་སྔོན་རྒྱུགས་དགའ་ལྡན་དགོན་དུ་གཏོང་འགོ་ཚུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-25

    ཟླ་7ཚེས་18ཉིན། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པར་དགེ་བཤེས་ལྷ་རམས་པའི་མཚན་གནས་སྤྲོད་པའི་གཞུང་ལས་ཁང་གིས་སྒྲིག་འཛུགས་ལག་བསྟར་བྱས་པའི་2020ལོའི་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པར་དགེ་བཤེས་ལྷ་རམས་པའི་མཚན་གནས་སྤྲོད་པའི་དབྱར་དུས་ཀྱི་སྔོན་རྒྱུགས་དགའ་ལྡན་དགོན་དུ་གཏོང་འགོ་ཚུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སེ་འབྲས་དགའ་གསུམ་དང་། རྭ་སྟོད་དགོན། བཀྲ་ཤིས་ལྷུན་པོ་དགོན། ཆབ་མདོའི་བྱམས་པ་གླིང་དགོན་དང་། དཔའ་ཤོད་དགོན། བྱམས་ཁང་དགོན། དབྱེན་འདུམ་དགོན་དང་། ནག་ཆུའི་རབ་བརྟན་དགོན་དང་ཆོས་འཁོར་དགོན། ལྷོ་ཁའི་བཀྲ་ཤིས་དོ་ཁ་དགོན་བཅས་དགོན་སྡེ་12ཀྱི་དགེ་བཤེས་ལྷ་རམས་པའི་མཚན་གནས་ལེན་མཁན་གྱི་དགེ་འདུན་པ་12དང་། དཔྱད་ཞིབ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་30 རྒྱུགས་རོགས་དགེ་འདུན་པ་533བཅས་ཁྱོན་མི་གྲངས་575ཙམ་ཐེངས་འདིའི་དབྱར་དུས་ཀྱི་སྔོན་རྒྱུགས་ལ་ཞུགས་ཡོད།

    ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། དགེ་བཤེས་ལྷ་རམས་པ་དཔྱད་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལོ་སེམས་དཔའ་འཕྲིན་ལས་ཆོས་བཟང་གིས་དབྱར་དུས་ཀྱི་སྔོན་རྒྱུགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་ཞིང་། དེ་རྗེས་གོ་རིམ་བཞིན་ཉིན་6གི་རིང་དགེ་འདུན་པ་12ཀྱིས་རེས་མོས་བྱས་ནས་འབྲེལ་ཡོད་གཞུང་ཆེན་བཀའ་པོད་ལྔའི་ནང་དོན་རྩོད་རྒྱུགས་གཏོང་རྒྱུ་དང་། དེ་རྗེས་སྐབས་དོན་ཆབ་སྲིད་དང་འབྲེལ་ཡོད་རིག་གནས་རྨང་གཞིའི་བསླབ་ཚན་གྱི་ཡིག་རྒྱུགས་ནང་དོན་རྒྱུགས་སྤྲོད་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།