[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • གོང་དཀར་རྫོང་གི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ“རིམ་པ་གསུམ”གྱིས་ཕན་འབྲས་གསར་པ་ཐོན་པར་རམ་འདེགས་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-08

    “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན། རྫོང་ཡོངས་ཀྱི“ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་དང་། མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན། ལེགས་སྐྱེས་ལ་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན། ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན”གྱི་རྣམ་པ་ཉིན་རེ་བཞིན་ཟབ་ཏུ་འགྲོ་བཞིན་ཡོད། ད་ཆ་མང་ཚོགས་ཀྱི་སློབ་གསོ་རྒྱུན་མཐུད་གཏིང་ཟབ་ཀྱི་ཕྱོགས་སུ་སྤེལ་ཆེད། གོང་དཀར་རྫོང་གིས་བྱེད་སྟངས་གསར་གཏོད་བྱས་ཏེ་ཞིང་འབྲོག་མང་ཚོགས་གཙོ་གནད་དུ་བཟུང་བ་དང་གྲོང་ལྷན་དང་གཞི་རིམ་ལས་སྟེགས་གཙོ་བོར་བཟུང་ནས“ཁུག་མས་རྨང་གཞི་འདིང་བ་དང་། རྒྱང་བསྒྲགས་ནས་གཙོ་གནད་གཏོང་བ། མཚན་སློབ་ཀྱིས་གོ་བ་ལེན་སྟོབས་ཆེ་རུ་གཏོང་བ”བཅས་ཀྱི་སྒྲོག་འགྲེལ“རིམ་པ་གསུམ”སྤེལ་ནས་གནས་ཀྱིས་ཁྱོན་ལ་སྣེ་ཁྲིད་པ་དང་རྒྱུད་ནས་ཡུག་ལ་ཁྱབ་པར་བྱས་ནས་རྫོང་ཡོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞི”སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་སྤེལ་བྱས་ཡོད།

    “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”དགོངས་པས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་རིམ་བཞིན་ཤུགས་རྐྱེན་ཐེབས་ཆེད། གོང་དཀར་རྫོང་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞི”དང་། དབུལ་སྒྲོལ་འགག་སྒྲོལ། ནག་སེལ་གཤེད་བཅོམ་བཅས་ཀྱི་དྲིལ་བསྒྲགས་ལག་ཁྱེར་ཁུག་མ་དང་ཐོན་ཐེངས་གཅིག་གི་ཕོར་པ་ཁྲི་2.5ལྷག་ཙམ་གཅིག་གྱུར་བཟོས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ནང་དོན་གྱི་ལག་དེབ་ཁུག་མའི་ནང་བླུགས་ཏེ་དུད་ཚང་ཀུན་ལ་ཁུག་མ་ཡོད་པ་དང་། མང་ཚོགས་ཀྱིས་སློབ་སྦྱོང་བྱེད་པ་དང་བློ་ལ་ངེས་རྒྱུར་སྟབས་བདེ་བསྐྲུན་ཡོད།

    གོང་དཀར་རྫོང་གིས་ད་དུང་གྲོང་ལྷན་ཁག་གི་རྒྱང་བསྒྲགས་གང་སར་ཁྱབ་པ་དང་། སྒྲོག་འགྲེལ་བྱེད་བདེ་བ། སློབ་གསོ་གཏོང་བདེ་བ་བཅས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་རྒྱང་བསྒྲགས་ནས་སྒྲོག་འགྲེལ་བྱེད་ཀྱི་ཡོད། སྒྲོག་འགྲེལ་གྱི་ནང་དོན་ལ་ཏང་གི་བྱེད་ཕྱོགས་སྲིད་ཇུས་དང་། ཁོར་ཡུག་སྲུང་སྐྱོང་། གྲོང་སྲོལ་ཤེས་དཔལ། ལས་ཞུགས་ལས་གཏོད། མི་རིགས་མཐུན་སྒྲིལ་སོགས་ཚུད་པ་དང་སྒྲོག་འགྲེལ་པ་ནི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་། གྲོང་སྡོད་ལས་དོན་རུ་ཁག ཏང་ཡོན་རྒན་གྲས། དུད་སྦྲེལ་སྤྱི་མིའི་འཐུས་མི་སོགས་ལས་གྲུབ་ཡོད། ཁོ་ཚོས་ཉེ་འགྲམ་མིས་ཉེ་འགྲམ་གྱི་གནས་ཚུལ་བརྗོད་པ་དང་། མང་ཚོགས་ཀྱི་ཉེ་འགྲམ་དུ་ཐོན་པའི་འགྱུར་ལྡོག་ལ་དོ་ཁུར་ཆེན་པོ་བྱས་པ། ཚང་མས་དོ་ཁུར་བྱེད་པའི་གནད་དོན་ལ་འགྲེལ་བཤད་བརྒྱབ་པ་བཅས་བརྒྱུད་སྒྲོག་འགྲེལ་གྱི་གཙོ་གནད་ལ་དམ་འཛིན་བྱས་ཏེ་གོ་བདེ་ཤེས་སླའི་སྐད་ཆ་ནས་སྒྲོག་འགྲེལ་གྱི་ནང་དོན་ཡང་སྐོར་བསྐྱར་སྐོར་ངང་རྒྱང་བསྒྲགས་ནས་གཏོང་གི་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།