[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • ལྗོངས་ཡོངས་ཀྱིས“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བའི་ས་གནས་ས་ཐོག་གི་ཚོགས་འདུ་ལྷོ་ཁར་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-07

    ཟླ་9ཚེས་3ཉིན། ལྗོངས་ཡོངས་ཀྱིས“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བའི་ས་གནས་ས་ཐོག་གི་ཚོགས་འདུ་ལྷོ་ཁར་འཚོགས་ཏེ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་ཆོས་ལུགས་ཁྱབ་ཁོངས་ཀྱི་བདེ་འཇགས་འགན་ལེན་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་བཀོད་སྒྲིག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་བསྟན་ཁོ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཞུས་ཁྲེང་ཚང་དང་། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། བསོད་ནམས་རིག་འཛིན་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

    བསྟན་ཁོས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་འཐབ་ཕྱོགས་གཅིག་གྱུར་དང་ཆོས་ལུགས་སྡེ་ཚན་གྱིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། སྤྱི་ཡོངས་ཀྱི་འདུ་ཤེས་དང་། སེམས་ཁྲལ་གྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་ཟབ་ཏུ་ཏན་ཏིག་གཏོང་བ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་མིག་སྔའི་དུས་བབ་ཀྱི་དབྱེ་ཞིབ་དང་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་རྟེན་འབྲེལ་ཆེ་མོའི་བདེ་འཇགས་འགན་ལེན་དང་བརྟན་ལྷིང་སྲུང་སྐྱོང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱེད་པ། བདེ་སྡོད་ཉེན་བསམ་དང་མ་བྱུང་སྔོན་འགོག་ཐུབ་པར་བྱེད་དགོས། རང་སྐྱོང་ལྗོངས་ཀྱི《ལྗོངས་ཡོངས་ཀྱི་དགོན་སྡེའི་བརྟན་ལྷིང་སྲུང་སྐྱོང་འགན་འཁྲིའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》དང་ན་ནིང་བཏོན་པའི་ཆོས་ལུགས་ཁྱབ་ཁོངས་ཀྱི་ཡིག་ཆ་5ལ་གཞིགས་ཏེ། འགན་འཁྲིའི་ལམ་ལུགས་ཁག་6དོན་འཁྱོལ་ནན་པོ་བྱེད་དགོས། གྲྭ་བཙུན་གྱི་དགོངས་ཞུ་དང་དགོངས་དུས་ཐིམ་ཞུའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་རིགས་ཁག་གི་བྱེད་སྒོ་ཡག་པོ་སྤེལ་ནས་དུས་ཆེན་གྱི་རྣམ་པ་ཟབ་མོ་གཏོད་དགོས། ལྗོངས་ཏང་ཨུད་ཀྱིས་གསལ་བཟོ་བྱས་པའི་ཆོས་ལུགས་བྱེད་སྒོའི“བླང་བྱ་ཁག་གསུམ”ལག་བསྟར་ནན་པོ་བྱས་ཏེ། ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་དང་། ཏན་ཏིག་གི་ལས་དོན། ནུས་ལྡན་གྱི་བྱེད་ཐབས། དམ་ཞིང་གསལ་བའི་སྒྲིག་ཁྲིམས་བཅས་ལ་བརྟེན་ནས་ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་ཏན་ཏིག་དང་ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་ལ་བརྟེན་ནས་ལྗོངས་ཡོངས་ཀྱི་ཞི་མཐུན་བརྟན་ལྷིང་འགན་ལེན་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།