[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཆོས་ལུགས་གསར་འགྱུར།
  • བཀྲས་ལྷུན་དགོན་གྱིས་ཆིང་རྒྱལ་རབས་སྐབས་ཀྱི་རྩ་ཆེའི་རིག་དངོས་རྡོ་རིང་གཉིས་བསྡུ་ཉར་བྱས་པ།

    ​ པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོས་རྡོ་རིང་གི་ཡོལ་ཁེབས་ཕྱེ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-20

    རིག་དངོས་བདེ་འཇགས་སྲུང་སྐྱོང་གིས། ལོ་རྒྱུས་དཔང་པོར་སྲུང་སྐྱོང་བྱེད། ཟླ་9ཚེས་17ཉིན། བཀྲས་ལྷུན་དགོན་གྱིས་ཆིང་རྒྱལ་རབས་སྐབས་ཀྱི་རྩ་ཆེའི་རིག་དངོས་རྡོ་རིང་གཉིས་ཏེ། “གེ་སར་ལྷ་ཁང་རྡོ་རིང”དང“ལྷ་ཁང་དམར་པོའི་རྡོ་རིང”བསྡུ་ཉར་གྱི་ཡོལ་འབྱེད་མཛད་སྒོ་འཚོགས་ཤིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་མཛད་སྒོར་ཕེབས་པ་དང་འབྲེལ་རྡོ་རིང་གི་ཡོལ་ཁེབས་ཀྱང་ཕྱེ་གནང་བ་རེད།

    རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་བཀྲས་ལྷུན་དགོན་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་དང་པོ་ས་ལུང་ཕུན་ལགས་ཀྱིས་ཡོལ་ཁེབས་འབྱེད་པའི་མཛད་སྒོ་གཙོ་སྐྱོང་གནང་བ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི། རྒྱུན་ལས་ཚོགས་གཙོ་གཞོན་པ་བཅས་ཡིན་པའི་བསོད་ནམས་རིག་འཛིན་མཛད་སྒོར་ཕེབས་ཡོད་པ་རེད།

    “གེ་སར་ལྷ་ཁང་རྡོ་རིང”དང“ལྷ་ཁང་དམར་པོའི་རྡོ་རིང”དེ་གཉིས་སྔོན་མ་གཞིས་རྩེའི་གེ་སར་ལྷ་ཁང་གི་རྒྱ་ལྷ་ཁང་དུ་བཙུགས་ཡོད་པ་དང་དགོན་སྡེ་ཉམས་ཆགས་ཞིག་རལ་སོང་རྐྱེན། དུས་རབས་གོང་མའི་དུས་མཇུག་ཏུ་བཀྲས་ལྷུན་དགོན་གྱི་སྒོ་རའི་ནང་ཉར་ཚགས་བྱས་ཡོད། ད་ཐེངས་རྡོ་རིང་དེ་གཉིས་བཀྲས་ལྷུན་དགོན་གྱི་བཤམས་སྟོན་ཁང་དུ་ཉར་ཚགས་བྱ་རྒྱུར་མངགས་པའི་དམིགས་ཡུལ་གཙོ་བོ་ནི་ལོ་རྒྱུས་རིག་དངོས་གལ་ཆེན་གྱི་སྲུང་སྐྱོང་དང་བེད་སྤྱོད་ལས་དོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་རྒྱལ་རབས་རིམ་བྱུང་གི་ཀྲུང་དབྱང་སྲིད་གཞུང་གིས་ནུས་ལྡན་ངང་བོད་བཅོས་སྐྱོང་བྱས་པ་མཚོན་པའི་རྩ་ཆེའི་རིག་དངོས་ལ་སྔར་བས་སྲུང་སྐྱོང་ཡག་པོ་དང་བེད་སྤྱོད་ཡག་པོ། འགྲེམས་སྟོན་ཡག་པོ་བཅས་བྱས་ནས་རྒྱལ་གཅེས་རིང་ལུགས་སློབ་གསོའི་ཁྲོད་དེའི་དམིགས་བསལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།