[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>བོད་རིག་པའི་གསར་འགྱུར།
  • དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60རིང་།

    བོད་ཀྱི་རིག་དངོས་བྱ་གཞག་རྒྱུན་མཐུད་འཕེལ་རྒྱས་ཕྱིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-28

     ཚེས་26ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60རིང་གི་བོད་ཀྱི་རིག་དངོས་ལས་དོན་སྤེལ་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། གསར་འགོད་པས་ཤེས་རྟོགས་བྱས་པར། དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60སོང་རིང་བོད་ཀྱི་རིག་དངོས་བྱ་གཞག་མེད་པ་ནས་ཡོད་པའི་བར་དང་ཆུང་བ་ནས་ཆེ་བའི་བར་རྒྱུན་མཐུད་འཕེལ་རྒྱས་ཕྱིན་ཡོད། མིག་སྔའི་བར་ལྗོངས་ཡོངས་སུ་བརྟག་དཔྱད་ཐོ་བཀོད་བྱས་པའི་རིག་དངོས་ཡོད་པ་ཁྱོན་4277ཡོད་པ་རེད། གནའ་རྫས་རྟོག་ཞིབ་དང་སྔོག་འདོན་བྱས་པ་བརྒྱུད་མཚོ་བོད་ས་མཐོའི་ཁུལ་དུ་ད་བར་ལོ་4000ལྷག་ཙམ་གོང་གི་མིའི་རིགས་ཀྱི་འགུལ་སྐྱོད་རྗེས་ཤུལ་ཐོག་མར་ཤེས་རྟོགས་བྱུང་བ་དང་། ལྗོངས་ཡོངས་ཀྱི་རིག་དངོས་ཚན་པ་མང་ཆེ་བའི་རིག་དངོས་ཡིག་ཚགས་འཐུས་སྒོ་ཚང་པོ་ཡོད་པ་རེད།

    གསར་འགོད་པས་ཤེས་རྟོགས་བྱས་པར། ལོ་60རིང་བོད་ཀྱི་རིག་མཛོད་ལས་ཁུངས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ཞིང་། མིག་སྔར་ལྗོངས་ཡོངས་སུ་རིག་དངོས་སྲུང་སྐྱོང་དོ་དམ་ལས་ཁུངས་70ཡོད་པ་དང་རིག་མཛོད་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་སོང་ནས་བོད་རིགས་ལས་བྱེད་པས་གཙོ་བོ་བྱེད་པ་དང་སྣ་ཁ་ཅུང་འཐུས་སྒོ་ཚང་བ། བྱང་ཚད་མཐོ་ཙམ་བཅས་ཀྱི་རིག་མཛོད་ལས་བྱེད་པའི་དཔུང་ཁག་ཅིག་རགས་ཙམ་གྲུབ་ཡོད། རིག་དངོས་ཐོན་ཁུངས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་སོང་བ་དང་ལྗོངས་ཡོངས་སུ་རིམ་ཁག་རིག་དངོས་ཚན་པ་1985ཡོད་པའི་ནང་རྒྱལ་ཁབ་རིམ་པའི་ཚན་པ་55དང་། རང་སྐྱོང་ལྗོངས་རིམ་པའི་ཚན་པ་616 རྫོང་དང་ཆུས་རིམ་པའི་ཚན་པ་1314བཅས་ཡོད་པ་རེད།

    རིག་དངོས་གནའ་རྫས་རྟོག་ཞིབ་དང་ཡོངས་བཤེར་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་ཐེབས་ནས། ལྗོངས་ནང་ཁུལ་གྱི་རིག་དངོས་ཁག་དང་གནའ་ཤུལ་ཁྱབ་ཚུལ་རྩ་བའི་ཆ་ནས་ཁོང་དུ་ཆུད་ཡོད་པ་རེད། མཚོ་བོད་ས་མཐོའི་བོད་ཤར་ལྷོའི་མིའི་རིགས་ཀྱི་འགུལ་སྐྱོད་རྗེས་ཤུལ་ཐེངས་གཉིས་པ་དང་འཚོ་གནས་ཁོར་ཡུག་གི་ཕྱོགས་བསྡུས་ཚན་རིག་དཔྱད་ཞིབ་དུས་མཚམས་དང་པོའི་བརྟག་དཔྱད་ལས་དོན་ཕུན་སུམ་ཚོགས་པོས་ལེགས་གྲུབ་ཟིན་ནས་རིག་དངོས་སྲུང་སྐྱོབ་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་ཐེབས་ཡོད། ཏང་དང་རྒྱལ་ཁབ་ཀྱིས་བོད་ཀྱི་རིག་དངོས་སྲུང་སྐྱོང་དང་ཉམས་གསོའི་ལས་དོན་ལ་མཐོང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར་3ལྷག་ཙམ་བཏང་ནས་སྔ་རྗེས་སུ་ཕོ་བྲང་པོ་ཏ་ལ་དང་། གཙུག་ལག་ཁང་། བཀྲས་ལྷུན་དགོན། གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་སོགས་རིག་དངོས་གནའ་ཤུལ་གལ་ཆེན་མྱུར་སྐྱོབ་དང་ཉམས་གསོ་སྲུང་སྐྱོང་གི་འདུ་འགོད་སྔ་རྗེས་སུ་ལག་བསྟར་བྱས་ཡོད།

    “ལོ་ལྔ་ཚན་བཅུ་གཅིག་པ”ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་མ་དངུལ་སྒོར་དུང་ཕྱུར་34ལྷག་ཙམ་བཏང་ནས་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་བསྐྱར་སྐྲུན་རྒྱས་སྐྲུན་གྱི་ལས་གྲྭ་སོགས་རིག་དངོས་སྲུང་སྐྱོང་ཚན་པ་155ཡི་ཉམས་གསོའི་ལས་གྲྭ་ལག་བསྟར་བྱས་པའི་རྨང་གཞིའི་ཐོག་2018ལོའི་ལོ་མཇུག་ཏུ་དུས་འཁོར་ལོ་10དང་མ་དངུལ་སྒོར་དུང་ཕྱུར་3བཏང་བའི་ཕོ་བྲང་པོ་ཏ་ལའི་རིག་དངོས(གནའ་དཔེའི་ཚད་ལྡན་ཡིག་ཆ)སྲུང་སྐྱོང་བེད་སྤྱོད་ཀྱི་རྣམ་གྲངས་ལག་བསྟར་བྱས་ཡོད་པ་རེད།

    དེ་དང་ཆབས་ཅིག་ལོ་60རིང་། བོད་ཀྱི་རིག་དངོས་ཁ་གཏད་རོགས་སྐྱོར་ལས་དོན་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཞིང་། རིག་དངོས་ཀྱི་རྨང་གཞིའི་ལས་དོན་དང་ཞིབ་འཇུག་ལས་དོན་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་དང་རིག་དངོས་བདེ་འཇགས་ཀྱི་འགོག་ཟོན་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། 2014ལོའི་ཟླ་10པར་རྒྱལ་ཁབ་རིག་དངོས་ཅུས་ཀྱི་གཙོ་གནད་ཚན་ཞིབ་རྟེན་གཞི་བོད་ལྗོངས་མཉམ་འབྲེལ་ལས་དོན་ས་ཚིགས་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་དངོས་སུ་བཙུགས་པ་བརྒྱུད་ལྗོངས་ཡོངས་ཀྱི་རིག་དངོས་ཚན་རྩལ་སྲུང་སྐྱོང་གི་འཇོན་ཐང་ཆེ་རུ་ཕྱིན་ཡོད།

    འདི་ལོའི་ཟླ་བ་བརྒྱད་པའི་ཟླ་མཇུག་བར་བོད་ཀྱིས་ལྗོངས་ཡོངས་ཀྱི་གཞུང་ཁོངས་རིག་དངོས་ཉར་ཚགས་ཚན་པ་1305ཡིས་རིག་དངོས་260789ཡོངས་བཤེར་དང་བསྡོམས་རྩིས་ལེགས་གྲུབ་བྱུང་ནས་ལྗོངས་ཡོངས་ཀྱི་སྤོ་རུང་རིག་དངོས་གྲངས་འབོར་ཁྱབ་ཚུལ་རྩ་བའི་ཆ་ནས་གསལ་རྟོགས་བྱུང་ཡོད། ལྗོངས་ཡོངས་ཀྱི“རིག་དངོས་ཐོབ་ཐང་ལག་ཁྱེར”ལམ་ལུགས་བཙུགས་པ་དེས་ལྗོངས་ཡོངས་ཀྱིས་རིག་དངོས་ཡིག་ཚགས་བཟོ་བ་དང་། སྲུང་སྐྱོང་། བེད་སྤྱོད་བཅས་ཀྱི་ལས་དོན་གཏིང་ཟབ་སྤེལ་བར་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།