[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>བོད་རིག་པའི་གསར་འགྱུར།
  • སི་ཁྲོན་བོད་རིགས་ས་ཁུལ་དུ་ཧ་ལམ་ཐུ་བྷོད་དུས་སྐབས་ཀྱི་ཡིན་པའི་བྲག་རྐོས་ཤིག་རྙེད་པ་དེ“ཐང་བོད་གནའ་ལམ”དྲ་མིག་ཅན་གྱི་རིག་གཞུང་ལྟ་བའི་སྒྲུབ་བྱེད་དུ་འགྱུར་རེ་ཡོད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-09

    658903_yis_1567917248566.jpg

    འདི་ནི་ཟླ་8ཚེས་10ཉིན་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་དཔལ་ཡུལ་རྫོང་གཏེར་ལྷུང་ཤང་དཔལ་འབར་གྲོང་ཚོ་ནས་པར་བརྒྱབ་པའི་ལོ་རྒྱུས་ཀྱི་རྗེས་ཤུལ་ཡིན་པ།

     ཉེ་ཆར། རིགས་གཅིག་མཁས་ཅན་གྱིས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་དཔལ་ཡུལ་རྫོང་དུ་ལོ་རྒྱུས་ཀྱི་རྗེས་ཤུལ་ཞིག་ལ་བརྟག་དཔྱད་གསལ་འབྱེད་ཞིབ་ཚགས་བྱས་པ་བརྒྱུད། དེ་ནི་ཐུ་བྷོད་དུས་མཇུག(དུས་རབས་དགུ་པ་ཡས་མས)གི་བྲག་རྐོས་ཡིན་པའི་ངོས་འཛིན་རགས་ཙམ་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། དེ་ནི་ས་གནས་དེ་ག་ནས་ཐུ་བྷོད་དུས་སྐབས་ཀྱི་རྗེས་ཤུལ་རྙེད་ཐེངས་དང་པོ་ཡིན་པས། “ཐང་བོད་གནའ་ལམ”དྲ་མིག་ཅན་གྱི་རིག་གཞུང་ལྟ་བའི་སྒྲུབ་བྱེད་དུ་འགྱུར་སྲིད།

    རྗེས་ཤུལ་དེ་ནི་དཔལ་ཡུལ་རྫོང་གཏེར་ལྷུང་ཤང་དཔལ་འབར་གྲོང་ཚོར་ཡོད་ལ། བཟོ་དབྱིབས་དམིགས་བསལ་ཆེ་བས་ས་གནས་དེ་གའི་དམངས་ཁྲོད་དུ་དེ་ནི་འུན་ཤིང་ཀོང་ཇོ་བོད་དུ་ཕེབས་སྐབས་བཞག་པ་རེད་ཅེས་པའི་ངག་རྒྱུན་ཡོད་པ་རེད། གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་གླིང་བོད་བརྒྱུད་ནང་བསྟན་རིག་དངོས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ལུའོ་ཝུན་ཧྭ་ཡིས་གསར་འགོད་པར། དཔལ་འབར་གྲོང་ཚོའི་བྲག་རྐོས་ཀྱི་བཟོ་དབྱིབས་ནི་ཆབ་མདོ་དང་། ཡུལ་ཤུལ། སེར་ཤུལ་བཅས་ནས་རྙེད་པའི་ཐུ་བྷོད་དུས་སྐབས་ཀྱི་བྲག་རྐོས་དང་ཧ་ཅང་འདྲ་བར་བྱང་སེམས་བཞིའི་དབུས་སུ་སངས་རྒྱས་བཞུགས་པ་ཞིག་རེད། གཏོར་སྐྱོན་ཐེབས་ཀྱང་དབུ་ལ་གཙུག་ཏོར་བཅིངས་པ་དང་། རྡོ་རྗེའི་དཀྱིལ་ཀྲུང་ལ་བཞུགས་པ། པད་མའི་གདན་ལ་བཞུགས་པ་བཅས་གསལ་པོར་མཐོང་ཐུབ་པས་ཅུང་དཔེ་མཚོན་ལྡན་པའི་ཐུ་བྷོད་དུས་སྐབས་ཀྱི་བཟོ་དབྱིབས་རེད་ཅེས་བརྗོད་པ་རེད།

    “‘ཐང་བོད་གནའ་ལམ’དཔལ་ཡུལ་དུ་བརྒྱུད་ཡོད་མེད་ལ་ད་དུང་གོམ་གང་མདུན་སྤོས་ཀྱིས་བརྟག་ཞིབ་ར་སྤྲོད་བྱེད་དགོས། ཡིན་ན་ཡང་བྲག་རྐོས་འདི་ལས་ཐུ་བྷོད་དུས་སྐབས་ཀྱི་བྲག་རྐོས་ཁྱབ་ཚུལ་ལ་སླར་ཡང་བསམ་གཞིག་བྱེད་པར་གནའ་དཔྱད་རིག་པའི་དོན་སྙིང་གལ་ཆེན་ཐོན་ཡོད”ཅེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།