[ English ] [ 中文 ]
0891-6325020
དབུ་ཤོག>བོད་ལུགས་གསོ་རིག>ནད་བརྟག་སྨན་དཔྱད།
  • ཕྲུ་གུ་དམར་འབྱར་ལ་ལྕགས་བཅུད་མ་འདང་བའི་ནད་ཕོག་དོན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-05-17

    ཕྲུ་གུ་དམར་འབྱར་སྐབས་སུ་འཚར་ལོངས་བྱེད་མགྱོགས་ཤོས་ཡིན་པ་དང་། ཟླ་བ་གསུམ་ནས་ལྔའི་བར་གྱི་གཟུགས་པོའི་ལྗིད་ཚད་ནི་ཐོག་མར་སྐྱེ་དུས་ཀྱི་ལྡབ་གཉིས་རེད།

    ལོ་གཅིག་ལ་སླེབས་སྐབས་ཀྱི་གཟུགས་པོའི་ལྗིད་ཚད་ནི་ཐོག་མར་སྐྱེ་དུས་ཀྱི་ལྡབ་གསུམ་རེད། སྐྱེ་ཟླ་མ་ཤར་གོང་སྐྱེས་པའི་ཕྲུ་གུའི་གཟུགས་པོའི་ལྗིད་ཚད་དེ་བས་འཕར་མགྱོགས་པ་ཡོད། གཟུགས་པོའི་ལྗིད་ཚད་འཕར་བ་དང་སྦྲགས་ཁྲག་ཤོང་ཚད་ཀྱང་མགྱོགས་མྱུར་འཕར་གྱི་ཡོད་པས་གལ་སྲིད་ལྕགས་བཅུད་ལྡན་པའི་ཟས་རིགས་མ་སྟེར་ན། ཕྲུ་གུ་དམར་འབྱར་དང་ལྷག་དོན་དུ་སྐྱེ་ཟླ་མ་ཤར་གོང་སྐྱེས་པའི་ཕྲུ་གུར་ལྕཌ་བཅུད་མི་འདང་བའི་ནད་གཞི་ཐོན་སླ་པོ་ཡོད།

    ཨ་མའི་འོ་མ་དང་བ་ཕྱུགས་ཀྱི་འོ་མར་ལྕགས་བཅུད་ལྡན་ཚད་ཧ་ཅང་ཉུང་ཉུང་ཡིན་མོད། འོན་ཀྱང་ཨ་མའི་འོ་མས་ལྕགས་བཅུད་50%བསྡུ་ལེན་བྱེད་ཐུབ་པ་དང་བ་ཕྱུགས་ཀྱི་འོ་མས་ལྕགས་བཅུད་10%ཙམ་བསྡུ་ལེན་བྱེད་ཀྱི་ཡོད། སྐྱེ་ཟླ་ཚང་ནས་སྐྱེས་པའི་ཕྲུ་གུར་ཨ་མའི་ལུས་པོའི་ནང་གསོ་ཉར་བྱས་པའི་ལྕགས་བཅུད་རྣམས་ཕྲུ་གུ་སྐྱེས་རྗེས་ཀྱི་ཟླ་བ་གསུམ་ནས་བཞིའི་བར་སྟེར་ཐུབ་ཀྱི་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། མིག་དམར།