[ English ] [ 中文 ]
0891-6325020
དབུ་ཤོག>བོད་ལུགས་གསོ་རིག>གནམ་རིག་སྐར་རྩིས།
  • 《གངས་ལྗོངས་སྨན་རྩིས་རིག་མཛོད་ཆེ་མོ》དཔེ་སྐྲུན་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-09-20

    གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་སྒྲིག་བཟོ་བྱས་པའི《གངས་ལྗོངས་སྨན་རྩིས་རིག་མཛོད་ཆེ་མོ》དེ་ཉིད་ལག་རྟགས་འབུལ་བའི་དཔེ་དེབ་ཅིག་ཡིན་པའི་ངོས་ནས་དཔེ་སྐྲུན་ཐོག་མ་བྱས་པས། དེ་སྔ་ཕོ་བྲང་དང་དགོན་སྡེར་ཉར་ཚགས་བྱས་པའི་དཔེ་དེབ་རྩ་ཆེན་མང་པོ་དང་། དམངས་ཁྲོད་དུ་ཁ་ཐོར་དུ་གནས་པའི་དཔེ་རྒྱུན་དཀོན་རིགས་དང་། གནའ་དཔེ་རྩ་ཆེན། རྒྱ་འགྱུར་མའི་གནའ་དུས་ཀྱི་དཔེ་ཆ་རྩ་ཆེན་བཅས་ཐོག་མར་དཔེ་སྐྲུན་བྱས་སྟབས། དེའི་རིག་གཞུང་ཞིབ་འཇུག་དང་ཉར་ཚགས་རིན་ཐང་ཧ་ཅང་ཆེན་པོ་ལྡན་ཡོད།

    རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ཡོན་ཀྲང་གཞོན་པ་ཡུམ་པས་ལོ་གཉིས་རིང《གངས་ལྗོངས་སྨན་རྩིས་རིག་མཛོད་ཆེ་མོར》རྣམ་གྲངས་མ་དངུལ་སྒོར་ཁྲི་1700དོན་འཁྱོལ་བྱས་ཡོད། ཚིག་མཛོད་ཆེ་མོའི་ནང་བོད་ལུགས་གསོ་རིག་དང་བོད་སྨན་ཤོག་སྒྲིལ་83དང་། གནམ་རིག་སྐར་རྩིས་ཤོག་སྒྲིལ་46 གསུང་རྩོམ་ཕྱོགས་བསྡུས་ཤོག་སྒྲིལ་1བཅས་ཡོད་ཅེས་ངོ་སྤྲོད་གནང་བ་རེད།

    ཡུམ་པས་ད་ཐེངས་རྩོམ་སྒྲིག་དང་བསྡུས་པའི《གངས་ལྗོངས་སྨན་རྩིས་རིག་མཛོད་ཆེ་མོའི》བོད་ལུགས་གསོ་རིག་དང་བོད་སྨན་དང་། གནམ་རིག་སྐར་རྩིས་ཀྱི་གནའ་བོའི་དཔེ་རྙིང་རྩ་ཆེ་བ་དང་། ལས་འགན་ལྕི་བ། རྩོམ་སྒྲིག་ལེགས་པ། གྲངས་འབོར་མང་བ་བཅས་ཡོད་པ་དེ་ནི་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན། 《གངས་ལྗོངས་སྨན་རྩིས་རིག་མཛོད་ཆེ་མོ》དཔེ་སྐྲུན་འགྲེམས་སྤེལ་བྱས་པ་བརྒྱུད། བོད་ལུགས་གསོ་རིག་དང་བོད་སྨན་དང་། གནམ་རིག་སྐར་རྩིས་ཞིབ་འཇུག་དང་བོད་རིག་པ་ཞིབ་འཇུག་ཐད་རྩ་ཆེའི་ཡིག་ཆ་ཧ་ཅང་དཀོན་པོ་མཁོ་འདོན་བྱས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།