[ English ] [ 中文 ]
0891-6325020
དབུ་ཤོག>བོད་ལུགས་གསོ་རིག>གནམ་རིག་སྐར་རྩིས།
  • ལོ་ཐོའི་ཟླ་བཤད་ཀུན་གསལ་མ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-01-06

    བོད་ཟླ་བཅུ་གཅིག་པ།

    རྒྱ་རྩིས་དཔྱིད་འབྲིང་ལྕགས་མོ་ཡོས་ཟླ་ཆེ་བ། ཚེས་6ཕག་གི་ལྔ་ཆ་གཅིག་ནས་དགུན་བར་མའི་རང་སྒང་ཟིན། གཅན་གཟན་གྲ་ལེགས། ཤིན་ཏུ་གྲང་བའི་སྒང་། ཆུ་ཕྲན་སྐམ། རང་ལྗོངས་སུ་ས་ཆུ་འཁྱགས་སྒང་གི་དུས་དེར་སྟོད་བྱང་འབྲོག་པའི་ས་ཁུལ་དུ་ཕྱུགས་ཟོག་དཀར་ནག་ལ་འཁྱགས་སྐྱོན་མི་ཡོང་བ་བྱ་དགོས། ཚེས་6འབྲུག་གི་ལྔ་ཆ་གསུམ་ནས་ཚེས་7ཡོས་ཀྱི་ལྔ་ཆ་བཞི་བར་དུས་ཚོད་ངན་པ་དགུ་འཛོམས། ཚེས་22གླང་གི་ལྔ་ཆ་བཞི་ནས་ཕྱི་ཟླའི་དབུགས་ཐོབ། གྲང་བའི་ངར་འགོ་རྒྱས། གྲང་མོ་ཆུང་བ་ཟེར། ལུད་གསོག་བཟོ་དང་། སོན་བཟང་འདེམས་སྒྲུག སོན་བརྗེ་རྒྱག་རྒྱུ། སོ་ནམ་གྱི་ཡོ་ཆས་བཟོ་བཅོས་བཅས་བྱ་དགོས།

    སྤྱི་ལ་ཟླ་འདིར་འབྱུང་བ་ས་ཁམས་ཤས་ཆེ་བས་ཡུལ་སྤྱིར་འཐིབས་ཤས་ཆེ་ཡང་ཁ་ཆར་གྱི་འབབ་ཚད་ཞན། ཚེས་ཤར་ནས་སྒྲ་གཅན་མཇུག་དང་མིག་དམར་རྒྱུ་སྐར་མོན་གྲུའི་སྟེང་འཛོམས་པས། ནུབ་བྱང་དང་། བྱང་རྒྱུད་དུ་རྡུལ་རླུང་ལྡང་། ཚེས་9ནས་ལྷག་པ་རྒྱུ་སྐར་སྣྲོན་སྟེང་ཕྱིར་ལོག་པས་གནམ་གཤིས་ཚ་གྲང་འགྱུར་ལྡོག་ཆེ། ལྷོ་ནུབ་དང་། ནུབ་རྒྱུད་དུ་རྡུལ་རླུང་འཚུབ་པ་སོགས་ཀྱི་རང་བྱུང་གནོད་འཚེར་དོགས། སྤྱིའི་འབབ་ཚེས་1、4、6、9、11、17、20、24、28、30བཅས་ཀྱི་སྐོར་ལ་ཡིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།