[ English ] [ 中文 ]
0891-6325020
དབུ་ཤོག>བོད་ལུགས་གསོ་རིག>གནམ་རིག་སྐར་རྩིས།
  • ​ ལོ་ཐོའི་ཟླ་བཤད་ཀུན་གསལ་མ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-01-27

    བོད་ཟླ་བཅུ་གཉིས་པ།

    རྒྱ་རྩིས་དཔྱིད་ཐ་ཆུ་ཕོ་འབྲུག་ཟླ་ཆུང་བ། ཚེས་8འབྲུག་གི་ལྔ་ཆ་གཉིས་ནས་དགུན་ཐ་མའི་རང་སྒང་ཟིན། གྲང་བའི་ངར་འཆག གྲང་དྲོ་རེས་མོས་བྱེད། དཔྱིད་གྲང་བསྟན་པའི་སྒང་ཡང་ཟེར། ཚེས་8སྤྲེལ་གྱི་ལྔ་ཆ་གསུམ་ནས་སྤྱི་ལ་དཔྱིད་ཚུགས། རང་ལྗོངས་སུ་རིམ་བཞིན་གནམ་གཤིས་དྲོ་རུ་འགྲོ་བ་དང་། ས་འཁྱགས་བཞུར་འགོ་ཚུགས་པས་ས་ལུད་སྐྱེལ་རྒྱུ་སོགས་དཔྱིད་འདེབས་གྲ་སྒྲིག་གི་ལས་དོན་བསྒྲུབ་དགོས། ཚེས་23ཐོ་རེངས་བར་སྐྱོར་འཛོམས་པས་གཟིགས། ཚེས་23རྟའི་ལྔ་ཆ་ལྔ་ནས་ཕྱི་ཟླའི་དབུགས་ཐོབ། ཤིང་རྩེ་ཁ་འབུས། དཔྱིད་ཟུག ས་དྲོད་ཅུང་སླེབས། ངང་པ་འདམ་ནས་དོན། མཚོ་ལ་དར་ཆགས། ཉ་མཁར་འཇིག ས་ལུད་འདོན་སྐྱེལ་རན། སྟོད་བྱང་འབྲོག་པའི་ས་ཁུལ་དུ་གནོད་འགོག་ཕྱུགས་སྲུང་ལ་ཤུགས་སྣོན་རྒྱག་དགོས།

    སྤྱི་ལ་ཟླ་འདིར་འབྱུང་བ་ས་ཆུའི་ཁམས་ཤས་ཆེ་བས་ནམ་འཁོར་ཆེ་ཞིང་ཁ་རླུང་འཚུབ་པ་མང་། བྱེ་བྲག་ཚེས་5ནས་ལྷག་པ་སྦྱོར་མཐའི་སྐར་མར་སྤྱོད་རིང་འཐིབས་ཤས་ཆེ་ཡང་ཁ་བའི་འབབ་ཚད་འབྲིང་། ཚེས་9ནས་ཕུར་བུ་རླུང་སྐར་ལ་སྤྱོད་རིང་ལྷོ་ནུབ་རྒྱུད་དུ་རྡུལ་རླུང་འཚུབ་པ་མང་། སྤྱི་འབབ་ཚེས་1.3.5.7.9.14.16.21.23.26.29བཅས་ཀྱི་སྐོར་ལ་ཡིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། མིག་དམར།