[ English ] [ 中文 ]
0891-6325020
དབུ་ཤོག>བོད་ལུགས་གསོ་རིག>སྨན་རྒྱུ།
  • ལྷ་རི་རྫོང་གི་བོད་ཀྱི་གསོ་བ་རིག་པའི་རྟེན་རྫས་བཤམས་མཛོད་ཁང་སྒོ་ཕྱེ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-09-25

    437525_yis_1506229717864.jpg

    འདི་ནི་ལྟ་སྐོར་བས་གཞི་ཁྱོན་རགས་ཙམ་ལྡན་པའི་ལྷ་རི་རྫོང་གི་བོད་ཀྱི་གསོ་བ་རིག་པའི་རྟེན་རྫས་བཤམས་མཛོད་ཁང་དུ་ལྟ་སྐོར་བྱེད་པའི་གནས་ཚུལ་ཡིན་པ།

    ཉེ་བའི་ལོ་ཤས་རིང་། ནག་ཆུ་ས་ཁུལ་ལྷ་རི་རྫོང་གིས་བོད་ཀྱི་གསོ་བ་རིག་པའི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་བོད་ཀྱི་གསོ་བ་རིག་པའི་ལས་རིགས་འཕེལ་རྒྱས་དང་སྟོབས་ཆེར་ཧུར་ཐག་བཏང་ཡོད། “ཀུང་སི་+རྟེན་གཞི+ཞིང་དུད”ཀྱི་འཕེལ་རྒྱས་ཐབས་ཇུས་མཐའ་འཁྱོངས་བྱས་ནས་བོད་སྨན་སྨན་རྒྱུ་མི་ཐབས་ལ་བརྟེན་ནས་འདེབས་གསོ་བྱེད་པའི་ལག་རྩལ་ཞིབ་སྤེལ་དང་ཁྱབ་གདལ་ལ་ཤུགས་སྣོན་བརྒྱབ་པ་དང་། བོད་སྨན་སྨན་རྒྱུའི་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ། བོད་སྨན་སྨན་རྒྱུའི་འདེབས་ཁྱོན་ཆེ་རུ་བཏང་ནས་བོད་སྨན་སྨན་རྒྱུའི་ཐོན་ཁུངས་ཀྱི་ལེགས་ཆ་ཐོན་རྫས་ལེགས་ཆ་དང་དཔལ་འབྱོར་གྱི་ལེགས་ཆར་འགྱུར་བར་སྐུལ་འདེད་བཏང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།