[ English ] [ 中文 ]
0891-6325020
དབུ་ཤོག>བོད་ལུགས་གསོ་རིག>བོད་སྨན་བཟོ་གྲྭ
  • བོད་སྨན་གྱི་བྱ་གཞག་གོང་འཕེལ་དུ་འགྲོ་བཞིན་པའི་གཞོང་པ་ལྷ་ཆུའི་བོད་སྨན་བཟོ་གྲྭ

  • ཡོང་ཁུངས།   གཞོང་པ་ལྷ་ཆུ་བོད་སྨན་བཟོ་གྲྭས།    |    རྩོམ་པ་པོ།   འདི་ག་དྲ་བའི་མིག་དམར་གྱིས།    |    སྤེལ་དུས།   2009-11-27

        བོད་ལྗོངས་གཞོང་པ་ལྷ་ཆུ་བོད་སྨན་བཟོ་གྲྭ

        བོད་ལྗོངས་གཞོང་པ་ལྷ་ཆུའི་བོད་སྨན་བཟོ་གྲྭ་ནི་སྤྱི་ལོ  1996 ལོའི་ཟླ  9 པའི་ནང་རྒྱལ་ཁབ་ཀྱི་བསྒྱུར་བཅོས་སྒོ་དབྱེའི་སྲིད་ཇུས་ཀྱི་རྣམ་པ་གསར་པའི་འོག་བོད་སྨན་ལས་རིགས་འཕེལ་རྒྱས་བྱུང་བ་ནས་སྤྱི་ཚོགས་ཕན་འབྲས་དང་།   ཐོན་ལས་འཕེལ་རྒྱས་ཀྱི་དཔལ་འབྱོར་ཕན་འབྲས་ཐོབ་ནུས་པའི་ལྟ་བ་ཡང་དག་ཐོག་ཁྲོམ་རའི་དཔལ་འབྱོར་གོང་མཐོར་འགྲོ་བཞིན་པའི་གོམ་སྟབས་དང་།    དེ་བཞིན་བཅུ་ཕྲག་རིག་པའི་གནས་ལས་ཕུལ་བྱུང་བོད་ལུགས་གསོ་རིག་འདི་ཉིད་ཉམ་པ་སོར་ཆུད་དང་མི་ཉམ་གོང་འཕེལ་ཡོང་རྒྱུར་དོར་དུ་མེད་པའི་འགན་འཁྲི་བླ་ལྷག་ཕྲག་ཏུ་འཁུར་ནས་མི་རིགས་ཀྱི་ཕུལ་བྱུང་གསོ་རིག་འདི་སྔར་ལས་ཡར་རྒྱས་གོང་འཕེལ་དང་དེས་མིའི་རིགས་ཀྱི་སྤྱི་ཚོགས་ལ་ལེགས་སྐྱེས་དང་ཕན་འབྲས་ཐོན་ཐུབ་པའི་བསམ་བློའི་མཛུབ་ཁྲིད་ཀྱི་ཀུན་སློང་བཟང་པོའི་འོག་བཙུགས་པའི་སྲོལ་རྒྱུན་གྱི་བོད་སྨན་བཟོ་གྲྭ་ཞིག་ཡིན།

        བཟོ་གྲྭའི་གནས་ཡུལ་ནི་ལྷ་ས་གྲོང་ཁྱེར་གྱི་ཉེ་འདབས་སྟོད་ལུང་བདེ་ཆེན་རྫོང་ཁོངས་གནས་ཆུང་གྲོང་རྡལ་གཞོང་པ་ལྷ་ཆུ་ཞེས་པར་ཡིན་ཞིང་།   འདིར་བོད་སྨན་ཐོན་ལས་བྱེད་པའི་གནས་ཁྱད་འཕགས་ཅན་ཞིག་ཡིན་པར།     གནས་དེར་གཡས་གཡོན་འབགས་བཙོག་དང་།  ཟང་ཟིང་སོགས་ཀྱི་མ་གོས་པའི་དབེན་གནས་ཁྱད་པར་ཅན་ཞིག་སྟེ།   རྒྱལ་ཁབ་ཀྱིས་སྨན་རིགས་ཐོན་སྐྱེད་ཚན་པར་ཚང་དགོས་པའི་འཁོར་ཡུག་ཆ་རྐྱེན་དང་ཡོངས་སུ་མཐུན་ཐུབ།

        གཞོང་པ་ལྷ་ཆུ་བོད་སྨན་བཟོ་གྲྭའི་ད་ལྟའི་རྒྱ་ཁྱོན་རྨིད་ངོས་སྙོམས་གྲུ་བཞི་མ་ཁྲི  3046.5 ཡོད་པ་དང་།   རྒྱལ་ཁབ་སྨན་རིགས་དོ་དམ་གྱི་ཆོག་ མཆན་ཨང་རྟགས་ཐོབ་པའི་སྨན་རིགས་“རྒྱལ་གངས ”དང་“ལྷ་ཆུའི་བོད་སྨན་”རྟགས་ཅན་སྨན་རིགས “རིན་ཆེན་བྱུ་དམར་བདུན་ཅུ་”ཡིས་གཙོ་བྱ ས་པའི་ཁྱོན་སྨན་རིགས་ཉི་ཤུ་ལྷག་བཟོ་སྦྱོར་བྱེད་ཡོད།    དེ་དག་ལ་ལྗོངས་ཕྱི་ནང་གི་ནད་པ་དང་མཛད་སྤྱོད་པ་རྣམས་ཀྱི་གདེངས་འཇོག་བཟང་པོ་ཐོབ་ཡོད།

        བཟོ་གྲྭ་བཙུགས་ཚུན་ནས་ད་བར་གོང་འོག་ཚང་མས་གདུངས་ཤུགས་གཅིག་སྒྲིལ་གྱི་ལས་ཀའི་སྤྱོད་བཟང་གིས་མི་རིགས་ཀྱི་གསོ་རིག་དར་རྒྱས་གོང་འཕེལ་ཐོག་“དོ་དམ་ཨང་དང་པོ་དང་། ” “སྤུས་ཚད་ཨང་དང་པོ། ” “ཡིད་ཆེས་ཨང་དང་པོ། ” “ཞབས་ཞུ་ཨང་དང་པོ། ”བཅས་ཀྱི་ཁེ་ལས་གཉེར་སྐྱོང་ལྟ་བའི་ཐོག་ལུགས་མཐུན་གྱི་ཚོང་གཉེར་བྱས་པར་གྲུབ་འབྲས་ཀྱང་ཧ་ཅང་བཟང་པོ་ཐོན་ཡོད་པར་སྔ་རྗེས་སུ་གོང་རིམ་ཏང་ཨུད་དང་སྲིད་གཞུང་ནས་“གན་གྱར་མཐོང་ཆེན་དང་ཁ་དན་ཚིག་གནས་ཐུབ་པའི་སྡེ་ཚན། ” “སྔོན་ཐོན་ཁེ་ལས། ” “སྔོན་ཐོན་ཁྲལ་མཇལ་སྡེ་ཚན། ” “སྤྱི་ཚོགས་ཕན་བདེའི་བྱ་གཞག་རོགས་སྐྱོར་གྱི་སྔོན་ཐོན་སྡེ་ཚན། ”  “ལྷ་ས་གྲོང་ཁྱེར་གྱི་སྔོན་ཐོན་ཁེ་ལས། ”སོགས་ཀྱི་གཟི་བརྗིད་མཚན་སྙན་མང་པོ་ཐོབ་ཡོད།

        ལྷག་པར་དུ་བཟོ་གྲྭའི་མི་སྣའི་ཆ་རྐྱེན་དང་། སྒྲིག་བཀོད། ཐོན་སྐྱེད་ཀྱི་བཟོ་རྩལ་སོགས་ཕྱོགས་ཚང་མའི་ཐད་རྒྱལ་ཁབ་ཀྱི་སྨན་རིགས་དོ་དམ་ལྟ་སྐུལ་ཅུས་ཀྱི་དཔྱད་དཔོག་གནང་བ་རྒྱུད་《སྨན་རིགས་ཐོན་སྐྱེད་དོ་དམ་ལམ་ལུགས། 》དང་ཡོངས་སུ་མཐུན་ཐུབ་པ་བྱུང་སྟེ་སྤྱི་ལོ་2004ལོའི་ཟླ་བ་6པའི་ཚེས་18ཉིན་རྒྱལ་ཁབ་སྨན་རིགས་ཐོན་སྐྱེད་དོ་དམ་ལམ་ལུགས་ཀྱི་GMPམཆོག་མཆན་དཔངས་ཡིག་ཐོབ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། 系统管理员