[ English ] [ 中文 ]
0891-6325020
དབུ་ཤོག>བོད་ལུགས་གསོ་རིག>བོད་སྨན།
  • རིན་ཆེན་གྲང་སྦྱོར།

  • ཡོང་ཁུངས།   མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2015-07-17

    0.jpg

    11jpg.jpg

      སྦྱོར་སྡེ། བཙོ་ཐལ།  གསེར་ཐལ།  བྱུ་རུ།  མུ་ཏིག་ལ་སོགས་སྨན་སྣ་བརྒྱ་ལྷག་གིས་གྲུབ།

      ཕན་ནུས། ཚད་རྙིང་སྨུག་པོ་ངན་ཁྲག་རྒྱས༎  གློ་མཆིན་དོན་སྣོད་ཚད་པ་གབ།  །  བྱང་ཁོག་རྣག་ཁྲག་ཆུ་སེར་སྐེམ༎  གཅོང་ནད་དམུ་འོར་སྐྱ་རྦབ་སྐྲན༎  མཆིན་ནད་རྣམས་ལ་མཆོག་ཏུ་བསྔགས༎  ཁྱད་པར་འདུས་ནད་སྨུག་པོ་དང་༎  སྦྱར་དང་གྱུར་སོགས་དུག་རིགས་ཀུན།།  ཕོ་མཆིན་ཚད་པའི་ནད་རྣམས་དང་༎  མཛེ་ནད་འབྲས་དང་གཉན་ལྷོག་སོགས༎བཞི་བརྒྱ་རྩ་བཞིའི་ནད་རྣམས་སེལ༎  ནད་མེད་མི་ལ་བཅུད་ལེན་འགྱུར༎

     བསྟེན་ཚུལ། ཉིན་རེར་ཐེངས་གཅིག  ཐེངས་རེར་རིལ་བུ་རེ་ཆུ་བསྐོལ་ནང་སྦངས་ལ་ཐོ་རེངས་དུས་སུ་བསྟེན་པའམ་ཡང་ན་སྨན་པའི་མངག་བཞིན་བསྟེན་པར་བྱ།

    འཛེམ་བྱ། མ་ཚོས་རྗེན་དང་ཁེང་པོའི་ཟས་རྣམས་དང་།  རི་སྒོག་ཆང་སྐྱུར་ལ་སོགས་སྤང་བར་བྱ༎

    ལྗིད་ཚད། རིལ་བུ་རེ་ལ་ཁེ་༡དང་ཐུམ་རེར་རིལ་བུ་༥ཡོད

    ཉར་ཚགས། སྣོད་ཀྱི་ཁ་བཅད་དེ་བསིལ་གྲིབ་ལྡན་པའི་སྐམ་སར་འཇོག་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། 系统管理员