[ English ] [ 中文 ]
0891-6325020
དབུ་ཤོག>བོད་ལུགས་གསོ་རིག>བོད་སྨན།
  • ལུས་སྟོབས་གསོ་བའི་སྨན་གྱི་སྡེ་ཚན།

  • ཡོང་ཁུངས།   མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2016-06-07

    འབའ་སམ་སྨན་མར། བསིལ་དྲོད་སྙོམས། བཟི་མེད།

    ཕན་ནུས། མཁལ་མའི་དྲོད་ཉམས་པ་དང་། ལུས་སྟོབས་ཞན་པ།འདོད་པ་ཉམས་པ། རོ་ཙ་གསོ་བ་སོགས་ལ་ཕན།

    སྤྱོད་སྟངས།ཉིན་རེར་ཐེངས་གཅིག ཐེངས་རེར་རིལ་བུ་གཅིག


    དྭ་བྱིད་བཅུ་གསུམ། དྲོད་ཆེ། བཟི་ཅུང་ཡོད།

    ཕན་ནུས། མཁལ་མ་ན་བ་དང་། ལུས་སྟོབས་གསོ་བ། ཁུ་བ་སྐྱེད་པ།འདོད་པ་ཅི་འདོད་བཞིན་དུ་ལས་སུ་རུང་བར་ཕན།

    སྤྱོད་སྟངས། ཉིན་རེར་ཐེངས་གཅིགཐེངས་རེར་རིལ་བུ་ལྔ།


    བཟང་པོ་ལྔ་པ།  དྲོད་ཆེ། བཟི་མེད།

    ཕན་ནུས། ཕོ་བའི་དྲོད་ཉམས་པ་དང་། ཁ་ཟས་འཇུ་དཀའ་བ། ལུས་ཀྱི་དྲོད་ཆུང་བ། ལུས་མདངས་དང་ལུས་སྟོབས་ཉམས་པ། སྐྱ་རྦབ་ནད་དང་། གཞང་འབྲུམ་ནད། མཆེར་པའི་ནད་ལ་ཕན། བུད་མེད་བུ་མེད་ལ་ཡང་བུ་བརྙེད་འགྱུར།

    གཏོང་ཐབས། ཉིན་རེར་ཐེངས་གཅིག ཐེངས་རེར་རིལ་བུ་བཞི་ནས་ལྔ་བར་གཏོང་རྒྱུ།


    མདེའུ་འབྱིན་ཉེར་ལྔ། བསིལ་དྲོད་སྙོམས། བཟི་ཅུང་ཡོད།

    ཕན་ནུས། ཟླ་མཚན་འགྱིངས་པ་དང་། རྒྱུ་ཞབས་གཟེར་བ། ཕྲུ་གུ་མྱུར་དུ་བཙའ་བ། ཤ་མ་མྱུར་དུ་འབྱིན་པ་སོགས་ལ་ཕན།

    གཏོང་ཐབས། ཉིན་རེར་ཐེངས་གཅིག ཐེངས་རེར་རིལ་བུ་བཞི་ནས་ལྔ།

    --    --

    འགན་འཁུར་རྩོམ་སྒྲིག་པ། མིག་དམར།