[ English ] [ 中文 ]
0891-6325020
དབུ་ཤོག>བོད་ལུགས་གསོ་རིག>ལོ་རྒྱུས་ཀུན་གསལ།
  • རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས“ཀ་པ་རིམ་པ་གསུམ་པའི”ཞིབ་དཔྱད་ལས་དོན་བསུས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-09-27

     ཚེས་24ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས“ཀ་པ་རིམ་པ་གསུམ་པའི”སྨན་རྩིས་ཁང་གི་ཞིབ་དཔྱད་སྙན་ཞུའི་ཚོགས་འདུ་འཚོགས་ཤིང་། རིམ་པ་གསུམ་པའི་སྨན་རྩིས་ཁང་འཛུགས་སྐྲུན་གྱི་དམིགས་ཚད་གཙོ་བོའི་ནང་དོན་ལ་དམིགས་པའི་ཁར་བོད་ཀྱི་གསོ་བ་རིག་པའི་ཁྱད་ཆོས་དང་ལེགས་ཆ་འདོན་སྤེལ་བྱ་རྒྱུ་དང་བོད་ཀྱི་གསོ་བ་རིག་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུ་བརྗོད་དོན་གཙོ་བོར་བྱས་ཏེ་སྨན་ཁང་འདི་ཉིད་རིམ་གསུམ་སྨན་རྩིས་ཁང་དུ་འཛུགས་སྐྲུན་བྱས་པར་ཐོབ་པའི་གྲུབ་འབྲས་དང་ལྷག་པའི་གནད་དོན་སྙན་སེང་མདོར་བསྡུས་ཤིག་ཞུས་པ་རེད།

    ཚོགས་འདུའི་ཐོག་སྨན་རྩིས་ཁང་2005ལོར“ཀ་པ་རིམ་པ་གསུམ་པར”བདམས་ཚུན་སྨན་ཁང་འཛུགས་སྐྲུན་དང་འཕེལ་རྒྱས་ལ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། རྒྱལ་ཁབ་ཀྲུང་གོའི་གསོ་རིག་དང་སྨན་རྫས་དོ་དམ་ཅུས། རང་སྐྱོང་ལྗོངས་འཆར་བཙའ་ཨུ་ལྷན། རང་སྐྱོང་ལྗོངས་བོད་ཀྱི་གསོ་བ་རིག་པ་དང་སྨན་རྫས་དོ་དམ་ཅུས། དེ་བཞིན་འཕེལ་སྒྱུར་དང་ནོར་སྲིད་སོགས་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད་པས། སྨན་ཁང་གིས་བོད་ཀྱི་གསོ་བ་རིག་པའི་ཁྱད་ཆོས་དང་ལེགས་ཆ་སྔོག་འདོན་དང་། རྒྱུན་འཛིན། གསར་གཏོད་བཅས་བྱས་ནས་བོད་ཀྱི་གསོ་བ་རིག་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུར་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་ཞིག་ཀྱང་ཐོབ་ཡོད། 2012ལོར“ཀ་པ་རིམ་པ་གསུམ་པའི”སྨན་རྩིས་ཁང་ལ་བསྐྱར་ཞིབ་བྱས་རྗེས“ལེགས་པ་གསུམ་དང་བློ་ལ་བབ་པ་གཅིག”ཅེས་པའི་བྱེད་སྒོ་དང་། “སྨན་ཁང་ཆེ་གྲས་ཀྱི་སྐོར་ཞིབ”དང“མུ་མཐུད་ལེགས་བཅོས”ཞེས་པའི་བྱེད་སྒོ་སོགས་སྤེལ་བ་གོ་སྐབས་སུ་བཟུང་སྟེ་བསམ་ཕྱོགས་གསལ་པོ་བཟོས་པ་དང་བྱེད་ཐབས་སྤྱོད་ཤུགས་ཆེ་རུ་བཏང་བར་གྲུབ་འབྲས་ངེས་ཅན་ཐོབ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།